ང་ལ་དགའ་པོ་ཡོད་ན་ང་བློ་བདེ་བོ་ཡོང་བ་ཞིག་བྱེད་དགོས།


2017.06.07
༧གོང་ས་མཆོག་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བར་ཕེབས་བཞིན་པ། 2017/6/7 ༧གོང་ས་མཆོག་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བར་ཕེབས་བཞིན་པ། 2017/6/7
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ཉིན་མཐའ་མར་བོད་མི་གཞོན་སྐྱེས་ཚོར་ཁྱེད་རང་ཚོ་ང་ཚོའི་རེ་བ་རྒྱག་ས་དེ་ཆགས་ཡོད་ཅེས་བཀའ་སློབ་གནང་འདུག
དེ་ཡང་སྤྱི་ཚེས་༧ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཐེངས་བཅུ་གཅིག་པའི་ཉིན་མཐའ་མ་དེར། དམིགས་བསལ་གྱིས་བོད་མི་གཞོན་སྐྱེས་རྣམས་ལ་འཛམ་གླིང་གི་གཅེས་ནོར་དུ་འབོད་ཆོག་པའི་སངས་རྒྱས་ཀྱི་བསྟན་པ་དེ་ང་ཚོའི་མི་ཐོག་འདིའི་དུས་ད་ལྟ་བར་དུ་ཉར་ཡོད་པ་རེད། ད་ནས་ཁྱེད་རང་ཚོས་ཧུར་ཐག་བྱེད་དགོས་པ་རེད་ཅེས་དང་། ཡང་གོང་ས་མཆོག་གིས་གལ་སྲིད་ཁྱེད་རང་ཚོ་ང་ལ་དགའ་པོ་ཡོད་ན་ང་ཤི་བའི་སྐབས་ང་བློ་བདེ་བོ་ཡོང་བ་ཞིག་བྱེད་དགོས་པ་རེད་ཅེས་གསུངས་འདུག
དེ་བཞིན་གོང་ས་མཆོག་གིས་ཁྱེད་རང་ཚོ་གཞོན་སྐྱེས་ཚོ་ང་ཚོས་རེ་བ་རྒྱག་ས་དེ་ཆགས་ཡོད་པ་རེད། བོད་ནང་བོད་གངས་ཅན་ལྗོངས་ཆོལ་ཁ་གསུམ་དབྱེ་བ་མེད་པར་མི་གྲངས་ས་ཡ་དྲུག་བདུན་ཡོད་པ་དེ་དག་གིས་དཀའ་ངལ་ཆེན་པོའི་འོག་ནས་སོ་སོའི་མི་རིགས་དང་། སྐད་ཡིག་རིག་གཞུང་ལ་བདག་པོ་བརྒྱབ་ནས་བསྡད་ཡོད་དུས། ང་ཚོ་རང་དབང་ལུང་བར་ཡོད་པ་ཚོས་ཁོང་ཚོའི་རེ་བ་དེ་བསྒྲུབ་དགོས་པ་རེད་ཅེས་གསུངས་འདུག
གཞན་ཡང་སྤྱི་ཚེས་༧ཉིན་ཐེ་ལན་གྱི་དགེ་འདུན་པ་དྲུག་ཅུ་ཡིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ཉིན་མཐའ་མའི་བཀའ་སློབ་ལ་གསན་རྗེས། ཁོང་ཚོས་ཞི་བདེའི་གོམ་བགྲོད་དེ་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་འགོ་འཛུགས་གནང་ཡོད་འདུག
གོམ་བགྲོད་དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱེད་པའི་Thai-Dharmshala Charity Society འམ་Thai-Dharamshala དགེ་རྩ་ཚོགས་པས་གོ་སྒྲིག་བྱས་ཡོད་ཅིང་། གོམ་བགྲོད་དེའི་ནང་མཉམ་ཞུགས་གནང་མཁན་ཐེ་དགེ་འདུན་པ་ཞིག་གིས། ད་རེས་གོམ་བགྲོད་ཀྱི་དམིགས་ཡུལ་དེ་ནི་སྙིང་རྗེ་དང་བྱམས་བརྩེ་སྤྱི་དང་། ཡང་སྒོས་རྒྱ་ཆེ་ས་ནས་འཛམ་གླིང་ཞི་བདེའི་གོང་འཕེལ་ཆེད་དུ་དམིགས་པ་ཞིག་ཡིན་པ་གསུངས་འདུག

གསར་འགོད་པ་ལྕགས་མོ་འཚོ། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎