ཉི་འོད་དང་མཁའ་རླུང་སོཊ་བེད་སྤྱོད་གཏོང་རྒྱུའི་ནན་སྐུལ་གནང་བ།


2016.10.05
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༢༠༡༦ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༢༠༡༦
O Adam

གོ་ལའི་གནམ་གཤིས་ཆེད་ཉི་འོད་དང་མཁའ་རླུང་སོཊ་བེད་སྤྱོད་གཏོང་དགོས་བ་༧གོང་ས་མཆོག་གིས་ནན་སྐུལ་གནང་འདུག༎
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་གི་ཚ་དྲོད་དང་དུག་རླངས་རིགས་ཉུང་དུ་གཏོང་བའི་ཆེད་ས་འོག་ཏུ་སྐྱེ་དངོས་ཀྱི་ངོ་བོ་རྡོར་གྱུར་པའི་རིགས་བེད་སྤྱོད་ཉུང་དུ་བཏང་ནས། དེའི་ཚབ་ཏུ་ཉི་འོད་དང་མཁའ་རླུང་སོཊ་བེད་སྤྱོད་གཏོང་དགོས་བ་ནན་སྐུལ་གནང་འདུག༎
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་གཙོ་བོ་ཐེ་ཝན་ནས་ཆེད་བཅར་དད་ལྡན་པ་དང་། དེ་མིན་བོད་རིགས་དང་ཡུལ་གྲུ་འདྲ་མིན་དྲུག་བཅུ་ལྷག་ནས་བཅར་བའི་ཆོས་ཞུ་བ་སྟོང་ཕྲག་བདུན་ལྷག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་བཞིའི་རིང་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་བཞིན་ཡོད་པ་ལྟར། ༧གོང་ས་མཆོག་གིས་སློབ་དཔོན་ཨརྱ་བདེ་བས་མཛད་པའི་དབུ་མ་བཞི་བརྒྱ་པའི་གསུང་ཆོས་གནང་སྐབས། མི་མང་ལ་བྱམས་དང་སྙིང་རྗེའི་ཁོར་ཡུག་བསྐྲུན་དགོས་ལུགས་བཀའ་བསྩལ་བ་དང་སྦྲགས་འཛམ་
གླིང་གི་ཚ་དྲོད་རྒྱས་དགོས་དོན་ནི། མིས་ཁ་རླུང་ནག་རྫས་ཅན་བྱེད་སྤྱོད་མང་དྲག་པ་དེ་ཡིན་པས་དེར་འགྱུར་བ་བཏང་ན་དཀའ་ངལ་སེལ་རྒྱུར་ཕན་གྱི་རེད། འཛམ་གླིང་གི་ཚ་དྲོད་དང་དུག་རླངས་རིགས་ཉུང་དུ་གཏོང་བའི་ཆེད་ས་འོག་ཏུ་སྐྱེ་དངོས་ཀྱི་ངོ་བོ་རྡོར་གྱུར་པའི་རིགས་བེད་སྤྱོད་ཉུང་དུ་བཏང་ནས། དེའི་ཚབ་ཏུ་ཉི་འོད་དང་ཁ་རླུང་སོཊ་བེད་སྤྱོད་གཏོང་དགོས་བ་ནན་སྐུལ་གནང་འདུག༎
ཡང་༧གོང་ས་མཆོག་གིས་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་བའི་ཆེད་དུ་སྟོན་པ་བཅོམ་ལྡན་འདས་ལ་རྗེས་སུ་འཇུག་ཚུལ་དེ་ལམ་སྲོལ་ལྟ་བུར་གྱུར་ན་འགྲིག་གི་མ་རེད། ང་ཚོ་ཚང་མས་ཆོས་ལུགས་ཆེ་ཁག་གཞན་ཚང་མའི་དགོངས་དོན་བཞིན་བྱམས་དང་སྙིང་རྗེ་སྒོམ་ནས་སྟོན་པ་
བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ཤེས་ནས་ལག་ལེན་ཚུལ་བཞིན་བསྟར་དགོས་སྐོར་གསུངས་གནང་འདུག། བློ་རྩེ་གཅིག་ཏུ་སྒོམ་ན་གནས་ཚུལ་ངོ་མ་རྟོགས་ནས་ཐར་པ་གང་ཡིན་པ་རྟོགས་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་གནང་འདུག༎     

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎