སྡུག་བསྔལ་རྩ་བ་མེད་པ་བཟོ་རྒྱུར་རང་གི་སེམས་འདུལ་དགོས།


2015.12.22
༧གོང་ས་མཆོག་གིས་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཆོས་འབྲེལ་བཀའ་སློབ་གནང་སྐབས། ༢༠༡༥།༡༢།༡༩ ༧གོང་ས་མཆོག་གིས་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཆོས་འབྲེལ་བཀའ་སློབ་གནང་སྐབས། ༢༠༡༥།༡༢།༡༩
Tenzin Choejor/OHHDL

༧གོང་ས་མཆོག་གིས་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བར་ཆོས་འབྲེལ་བཀའ་སློབ་གནང་བ།
དེ་ཡང་འདི་ཚེས་༢༢ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར། ཡུལ་ལུང་ཕྱོགས་མཐའ་འདྲ་མིན་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བར་ཆོས་འབྲེལ་བཀའ་སློབ་དང་། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ཉིན་གཉིས་པ་དེ་བཀྲིན་སྐྱོང་བཞིན་ཡོད་པ་རེད།
༧གོང་ས་མཆོག་གིས་བཀའ་གནང་བར། འགྲོ་བ་རིགས་དྲུག་ཚང་མ་བདེ་བ་འདོད་པ་ཞིག་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་སྟབས། སྡུག་བསྔལ་རྩ་བ་མེད་པ་བཟོ་རྒྱུར་རང་གི་སེམས་འདུལ་བར་བྱས་ནས་ཕན་ཐོགས་ཡོིང་གི་ཡོད་པ་ཞིག་དང་། བསམ་བློས་ལུས་པོར་གཡོ་འགུལ་གཏོང་ཐུབ་ཀྱི་ཡོད་པ་གསལ་པོ་ཞིག་ཡིན། ལོ་༢༠༠་གོང་ནས་ཚན་རིག་པ་ཚོས་མིའི་འདོད་པ་བསྐོང་བའི་ཆེད་དུ་འཕྲུལ་རིག་གི་ཆ་རྐྱེན་མང་པོ་ཞིག་བཟོ་ཐུབ་ཡོད་ཀྱང་ནང་སེམས་ཀྱི་བཅོས་ཐབས་ཐད་ལ་བསམ་ཤེས་མི་ཐུབ་པའི་གནས་སུ་གྱར་ཡོད་པ་རེད། དེར་བརྟེན་ནང་པ་སངས་རྒྱས་པའི་ཆོས་དེས་སྔ་ས་ནས་སེམས་བཅོས་ཐབས་ཀྱི་སྐོར་དང་བདག་མེད་རྟོགས་པའི་ཤེས་རབ་དང་། ཆོས་ཀྱི་སྙིང་པོ་ནང་སེམས་ནས་བྱེད་དགོས་པའི་བཀའ་སློབ་མང་པོ་གནང་ཡོད་པ་རེད།
དེར་བརྟེན་ང་ཚོས་སྡུག་བསྔལ་མེད་པའི་བདེ་བའི་རྒྱུ་དང་ལྡན་པ་ཞིག་བཟོ་དགོས་རྒྱུར། ལུས་ངག་ཡིད་གསུམ་གྱི་ཐོག་ནས་བྱམས་དང་བརྩེ་བའི་སྒོ་ནས་བྱང་ཆུབ་ལམ་གྱི་ཐོག་ནས་འགྲོ་དགོས་པ་དང་གཞན་ཕན་གྱི་བློ་བཟང་པོ་ཞིག་དགོས་པ་དེ་གལ་ཆེ་ཡིན་ལུགས་སོགས་བཀའ་སློབ་བཀྲིན་སྩལ་གནང་ཡོད་འདུག       

གསར་འགོད་པ་ཕྲེང་རིང་བསྟན་ནོར།
དེ་བཞིན་༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་སངས་རྒྱས་ཀྱི་ཆོས་ངོ་མ་ཇི་ཡིན་དང་། དེའི་ཁྱད་འཕགས་རང་བཞིན་སྐོར་ངོ་སྤྲོད་གནང་བའི་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ཀྱིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎