ཚང་མས་གང་ཐུབ་གཞན་ཕན་གྱི་བྱ་བ་སྒྲུབ་རྒྱུ་གལ་ཆེན་པོ་ཡིན། ༧གོང་ས་མཆོག་གིས།

2023.05.26

ཟླ་བ་འདིའི་ཕྱི་ཚེས་༢༦ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། སཱ་ར་བོད་ཀྱི་མཐོ་སློབ་ཁང་དང་ཨ་རིའི་ཨེ་མོ་རི་སློབ་ཆེན་བར་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་དང་འབྲེལ་བའི་དགེ་སློབ་དང་། བོད་པའི་སློབ་གྲྭ་ཁག་གི་སྤྱི་ཚོགས་དང་། སེམས་མྱོང་བཟང་སྤྱོད་ཀྱི་སི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ལ་ཞུགས་མཁན་བཅས་ལ། སྤྱི་ནོར་༧གོང་ས་སྐྱབས་ས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་གནང་སྐབས། ༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་རྒྱ་གར་མང་གཙོ་རང་དབང་ལུང་པའི་ནང་གནས་ཡོད་དུས་ཕན་ཚུལ་འབྲེལ་ལམ་བྱ་རྒྱུ་སོགས་སྟབས་བདེ་ཡོད་པས། དེ་སྔ་དང་མི་འདྲ་བར་མི་གཞན་ལ་མགོན་པོ་གང་ཉིད་ཀྱི་ཐུགས་མྱོང་རྣམས་གསུངས་ཏེ་ཁ་ཡོད་ལག་ཡོད་ཕན་ཐོགས་བྱུང་ཡོད་པའི་བཀའ་གནང་བ་དང་། ཐབས་ཀྱི་ཆ་ནས་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་། ཤེས་རབ་ཀྱི་ཆ་ནས་སྟོང་པ་ཉིད་ཀྱི་ཐོག་བསམ་བློ་བཏང་སྟེ། དེ་གཉིས་ཟུང་དུ་འབྲེལ་དུས་རང་རྒྱུད་ཀྱི་ཆགས་སྡང་རྨོངས་གསུམ་གང་གིས་ཀྱང་མི་ཐུབ་པར་སོ་སོའི་བློ་ལ་ཡང་དག་པའི་ལྟ་བ་ཡག་པོ་བསླེབས་ཡོང་དུས། མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་ནང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་ཏེ་བྱང་སེམས་སྦྱོར་ལམ་སྐྱེས་ཐུབ་པ་ཕལ་ཆེ་ཐུགས་དྲན་གནང་བ་སོགས་གསུངས་གནང་འདུག

dalai lama1.JPG
སྐབས་དེར་ཚོགས་ཞུགས་པའི་ཁྲོད་ཅིག་གིས་མཐོ་སློབ་སློབ་མ་ཚོས་རང་གི་མི་ཚེའི་འགན་འཁུར་ཆེ་ཙམ་ལེན་ཕྱོགས་ཀྱི་ཐད་ལམ་སྟོན་གནང་རོགས་ཞུས་སྐབས། ༧གོང་ས་མཆོག་གིས། ཚང་མས་སོ་སོའི་རང་ཐད་ནས་གང་ཐུབ་ཅི་ཐུབ་གཞན་ཕན་གྱི་བྱ་བ་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་ཡོད་པ་དང་། གཞན་ཞིག་གིས་འཛམ་གླིང་གི་ནང་འབྱོར་ལྡན་རྣམས་མུ་མཐུད་དུ་ཡར་རྒྱས་འགྲོ་བ་དང་སྐྱོ་བོ་རྣམས་དཀའ་ངལ་ནང་ལྷུང་བཞིན་ཡོད་པ་དེ་ནི་གནད་དོན་གལ་ཆེ་ཞིག་ཡིན་པར་བརྟེན་སྐྱོ་བོ་རྣམས་ཀྱི་དཀའ་ངལ་སེལ་ཐབས་སུ་དཔལ་འབྱོར་བསྡུ་འགོད་ཀྱི་ཚད་གཞི་ཚད་དང་ལྡན་པ་གང་འདྲ་ཞིག་ངོས་འཛིན་ཞུ་དགོས་མིན་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས། དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་བཤད་པ་ཡིན་ན་སྐྱོ་བོ་ཚོའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཡོང་ཆེད་རོགས་སྐྱོར་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་འདུག
ད་ལན་མཇལ་ཁའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ཀྱི་དབུས་པའི་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བའི་ཟབ་སྦྱོང་ནང་ཞུགས་མཁན་རྣམས། གཞན་ཡང་སཱ་ར་མཐོ་སློབ་དང་ཨེ་མོ་རི་སློབ་ཆེན་གྱི་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་དང་འབྲེལ་བའི་དགེ་སློབ་རྣམས་ཡོད་པ་རེད་འདུག


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎