༧གོང་ས་མཆོག་གིས་ཨོ་ས་ཀྲེ་རི་ལི་ཡར་ཆོས་འབྲེལ་དབུ་བཙུཊ།


2015.06.05
དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་པའི་བཀའ་དབང་བསྩལ་གནང་མཛད་པ། ༢༠༡༥།༦།༤། ༸གོང་ས་མཆོག་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་སྦུ་ལུ་མའུ་ཊེན་དུ་ཞབས་སོར་འཁོད་གནང་སྐབས་ཀྱི་སྐུ་པར།
༸དཔལ་ལྡན་སྐུ་སྒེར་དྲ་གནས།

༧གོང་ས་མཆོག་གིས་ཨོ་ས་ཀྲེ་རི་ལི་ཡའི་ནང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་དང་ཆོས་འབྲེལ་དབུ་བཙུགས་གནང་ཡོད་པ་རེད།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨོ་ས་ཀྲེ་རི་ལི་ཡའི་ནང་བཀྲིན་ཆིབས་བསྒྱུར་གྱི་མཛད་འཆར་བསྐྱོངས་གནང་མཛད་བཞིན་པ་དང་། དེ་རིང་ཚེས་༥ཉིན་གཉིས་པའི་སྐབས་ཨོ་ས་ཀྲེ་རི་ལི་ཡའི་Blue Mountainཞེས་པའི་གྲོང་ཁྱེར་ས་གནས་སུ་གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་ ཉིན་གྲངས་ལྔའི་རིང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་དང་ཆོས་འབྲེལ་དབུ་བཙུགས་གནང་ཡོད་པ་དང་། འདི་གའི་གསར་འགོད་པས་ས་གནས་ནས་གནས་ཚུལ་བཏང་བ་ལྟར་ན། ༧གོང་ས་མཆོག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་དེའི་ནང་དད་ལྡན་ཆོས་ཞུ་བ་ཁོ་ན་མ་གཏོགས་དོད་རྒྱལ་རྗེས་འབྲངས་པ་དང་། ཕྱི་ནང་གསར་འགོད་པ་སོགས་གསུངས་ཆོས་ར་བའི་ནང་འཛུལ་བཞུགས་ཆོག་གི་མེད་པ་རེད།
མཛད་འཆར་གཞིར་བཟུང་ལྟར་ན། ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་ས་ཀྲེ་རི་ལི་ཡའི་ནང་ཉིན་གྲངས་བཅུའི་རིང་གི་མཛད་འཆར་ཁོངས་སུ་ཕྱི་ཚེས་༨ཉིན་ཨོ་སི་ཊོ་ལི་ཡའི་Leuraས་གནས་སུ་བཟོད་པ་ཉམས་ལེན་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་༡༡ཉིན་གྱི་སྔ་དྲོར་ཨོ་སི་ཀྲེ་རི་ལི་ཡའི་Brisbaneགྲོང་ཁྱེར་དུ་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་སུ་ལྷན་ཞུགས་མཛད་རྒྱུ་དང་། ཡང་ཕྱི་ཚེས་༡༡དང་༡༢བཅས་ཉིན་གྲངས་གཉིས་རིང་Brisbaneགྲོང་ཁྱེར་གྱི་ཚོགས་ཁང་ཆེན་མོའི་ནང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་༡༢ཉིན་Brisbaneགྱི་ Riverstageཞེས་པར་Wisdom of Compassionའམ་སྙིང་རྗེའི་ཉམས་ལེན་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་༡༤ཉིན་གྱི་ཕྱི་དྲོར་ཡུལ་དེའི་ནུབ་ཕྱོགས་Perth གྲོང་ཁྱེར་དུ་གཏོང་ལེན་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་པ་གསལ་འདུག
The Sydney Morning Heraldཞེས་པའི་ཡུལ་དེའི་གསར་ཤོག་གིས་གནས་ཚུལ་བཀོད་པའི་ནང་། ཚེས་༨ཉིན་༧གོང་ས་མཆོག་གིས་Leuraས་གནས་སུ་ཆོས་འབྲེལ་སྐབས་དོལ་རྒྱལ་རྗེས་འབྲངས་པ་ཁག་གཅིག་གིས་དེ་ཁུལ་ནས་༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཞེས་པའི་མགྲིན་ཚབ་པ་Nicholas Pitts ཟེར་བས་བརྗོད་པ་བཀོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

འབྲེལ་ཡོད་གནས་ཚུལ་འདི་གའི་ཆེད་མངགས་གསར་འགོད་པ་ནོར་བུ་དགྲ་འདུལ་གྱིས་ས་གནས་ནས་བཏང་བར་གསན་རོགས།


འབྲེལ་ཡོད་གནས་ཚུལ་འདི་གའི་ཆེད་མངགས་གསར་འགོད་པ་ར་ལོ་དོན་ལྡན་གྱིས་ས་གནས་ནས་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎