སུ་ཀོ་ཊིལེན་ཊའི་རིག་གཞུང་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར།
2018.10.19

༧གོང་ས་མཆོག་གིས་སུ་ཀོ་ཊིལེན་ཊའི་འཐུས་མི་དྲུག་ལས་གྲུབ་པའི་རིག་གཞུང་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་འདུག
དེ་ཡང་ཟླ ༡༠ པའི་ཚེས ༡༩ ཉིན་གྱི་སྔ་དྲོར། སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཡོ་རོབ་སུ་ཀོ་ཊིལེན་ཊའི་འཐུས་མི་དྲུག་གིས་གྲུབ་པའི་རིག་གཞུང་སྐུ་ཚབ་ཚོགས་ཆུང་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་ཡོད་པ་དང་། མཇལ་ཁ་གྲུབ་རྗེས་དབྱིན་ཇི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་སུ་ཀོ་ཊིལེན་ཊའི་སྐུ་ཚབ་ཚོགས་ཆུང་དེར་ཆབ་སྲིད་ཀྱི་རྒྱབ་ལྗོངས་མེད་པའི་སྒྱུ་རྩལ་བ་ཤར་སྟག་གིས་གྲུབ་པའི་རིག་གཞུང་ཚོགས་ཆུང་ཞིག་ཡིན་པ་དང་། ཁོང་ཚོ་རིག་གཞུང་བརྗེ་རེས་ཁོ་ནའི་ཆེད་དུ་ཕེབས་པ་རེད་འདུག
དེ་བཞིན་འབྲེལ་མཐུད་པ་བསྟན་འཛིན་ཀུན་དགའ་ལགས་ཀྱིས། མཇལ་ཁའི་སྐབས། སྤྱི་ནོར༧གོང་ས་མཆོག་གིས། སུ་ཀོ་ཊིལེན་ཊའི་དང་བོད་པའི་གནས་སྟངས་གཉིས་འདྲ་ས་ཡོད་པས་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་ཚུལ་འགྲེལ་བརྗོད་གནང་འདུག
གཞན་ཡང་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་མཁན་ལྕམ་ཨེ་བིན་སི་ལགས་ཀྱིས། ༧གོང་ས་མཆོག་གིས་བོད་དོན་སེལ་ཐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་རང་སྲིད་རང་སྐྱོང་གི་གནས་བབ་ཅིག་རྩོད་ཀྱིན་ཡོད་པའི་སྐོར་བཀའ་ཕེབས་སོང་བས། དེ་ནི་དངོས་ཡོད་གནས་སྟངས་དང་མཐུན་པ་ཞིག་དང་སྒྲུབ་ཐུབ་པ་ཞིག་ཡིན་སྟབས་ང་ཚོས་དེ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཅེས་གསུང་གནང་འདུག
སུ་ཀོ་ཊིལེན་ཊའི་སྐུ་ཚབ་ཚོགས་ཆུང་དེས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་བོད་ཀྱི་རིག་གཞུང་བསྟི་གནས་ཁག་ལ་གཟིགས་སྐོར་གནང་ཡོད་པ་དང་། ཚེས ༢༡ ཉིན་སི་ཀོ་ཊི་ལནྡིར་ཕྱིར་ཕེབས་རྒྱུ་ཡིན་པ་རེད།
གསར་འགོད་པ་ཨྱོན་བསྟན་འཛིན་དང་། སྟག་ལྷ་རྒྱལ།