༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་པ།


2016.11.28
༧གོང་ས་མཆོག་གིས་ཉི་ཧོང་དང་སོག་ཡུལ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༦།༡༡།༢༨ ༧གོང་ས་མཆོག་གིས་ཉི་ཧོང་དང་སོག་ཡུལ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༦།༡༡།༢༨
ཨྱོན་བསྟན་འཛིན། /RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དང་སོག་ཡུལ་ནང་ཆིབས་བསྒྱུར་མཛད་འཕྲིན་རླབས་ཆེན་ཁག་ལེགས་གྲུབ་ཟིན་ནས་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
དེ་ཡང་འདི་ཚེས་༢༨་ཉིན་༧གོང་ས་མཆོག་གྷལ་གྷལ་གནམ་ཐང་ལ་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ཕེབས་བསུར་བཅར་འདུག
༧གོང་ས་མཆོག་འདི་ཟླའི་ཚེས་༧་ཉིན་གྱི་སྔ་དྲོར་བཞུགས་སྒར་ཕོ་བྲང་ནས་ཉི་ཧོང་ཕྱོགས་སུ་ཆིབས་གཞལ་བསྒྱུར་གནང་གིས། ཉི་ཧོང་གིས་གྲོང་ཁྱེར་Kyoto་དང་། Koyasan, Saitama, Yokohama་བཅས་ཀྱི་ནང་མང་ཚོགས་ལ་བཀའ་སློབ་བསྩལ་གནང་བ་དང་། ཉི་ཧོང་གི་བླ་ཆེན་རྣམས་དང་ཀོ་རི་ཡའི་ནང་པ། ཉི་ཧོང་གི་སློབ་ཕྲུག་བཅས་ལ་བཀའ་སློབ་གནང་འདུག
༧གོང་ས་མཆོག་གིས་ཕྱི་ཚེས་༡༦་ཉིན་ཉི་ཧོང་གི་གྲོས་ཚོགས་འཐུས་མི་༢༠༠་ལྷག་ལ་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་བཀའ་སློབ་བསྩལ་འདུག་ལ་༧གོང་ས་མཆོག་གིས་ཉི་ཧོང་ནང་ཕྱི་ཚེས་༨་ནས་༢༧་བར་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དང་སྒྲོལ་དཀར་དབང་ མི་གཡོ་བའི་རྗེས་གནང་གནང་། སློབ་གྲ་དང་གཙུག་ལག་སློབ་གྲ་ཁག་ལ་དུས་རབས་༢༡་པའི་ནང་པ་ཚོར་འཁྲིད་པའི་ལས་འགན་ཞེས་པ་དང་། བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་འདུག
དེའི་རྗེས་སུ་༧གོང་ས་མཆོག་སོག་ཡུལ་ནང་ཆིབས་བསྒྱུར་བསྐྱངས་སྐབས་ཡུལ་དེའི་ནང་བཅའ་ཞུགས་རྒྱ་གར་གྱི་གཞུང་ཚབས་ཆེན་མོ་Dr. T Suresh Babu་མཆོག་དང་། སོག་པོའི་མཁན་པོ་བླ་མ་ཆོས་རྒྱམ་མཚོ་དབུས་པའི་སོག་པའི་བླ་ཆེན་རྣམས་ཀྱིས་གུས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ༧གོང་ས་མཆོག་གིས་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཀྲོར་ནང་གི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་དང་། ཡིད་དགའ་ཆོས་གླིང་གྲ་ཚང་ནང་པཎ་གྲུབ་བཅུ་བདུན་པའི་ལྗགས་ལུང་དང་རྟེན་འབྲེལ་བསྟོད་པ། ལམ་གཙོ་རྣམ་གསུམ། རྗེ་རིགས་གསུམ་སྤྱི་གྲུབ་ཀྱི་རྗེ་གནང་སོགས་སྩལ་གནང་འདུག་ལ་ནང་པའི་ཚན་རིག་དང་དེང་དུས་ཀྱི་ཚན་རིག་གཉིས་ཀྱི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་ཞུགས་མཛད་པ་དང་། ཕྱི་ཚེས་༢༢་ཉིན་སོག་པོའི་གཞོན་སྐྱེས་རྣམས་ལ་ཀུན་ཁྱབ་འགན་འཁུར་དང་། དུས་རབས་༢༡་པའི་ནང་ཆོས་སྐོར་བཀའ་སློབ་སྩལ་གནང་བཅས་སོག་ཡུལ་ནང་ཞུགས་བཞག་ཉིན་གྲངས་དྲུག་རིང་ཆིབས་བསྒྱུར་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཡང་བསྐྱར་ཉི་ཧོང་ནང་ཕྱི་ཚེས་༢༤་ཉིན་ཆིབས་བསྒྱུར་མཛད་པ་དང་། ཉིན་མཐའ་མར་ཉི་ཧོང་གི་གྲོང་ཁྱེར་Saitama་ནང་གི་Saitama་མཐོ་སློབ་དང་སྨན་ཁང་ནང་མང་ཚོགས་ལ་བཀའ་སློབ་བསྩལ་གནང་སོགས་བསྟན་འགྲོའི་བདེ་ཐབས་ལ་སྨན་པའི་རླབས་ཆེན་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཕྱི་ཚེས་༢༨་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་ལ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎