བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་པན་ཇན་མངའ་སྡེ་ནང་ཆིབས་བསྒྱུར་གནང་འཆར་འདུག


2019.10.10
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2019/10 སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2019/10
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་རྒྱ་གར་པན་ཇབ་མངའ་སྡེའི་གཙུག་ལག་སློབ་ཆེན་དུ་རྒྱལ་ཁབ་༢༢་ནས་ཆེད་བཅར་མཁས་པ་དང་ཤེས་ཡོན་ཅན་དགེ་རྒན་ཆེན་མོ་བཅས་ལ་བཀའ་སློབ་སྩལ་གཏན་འཁེལ་འདུག
རྒྱ་གར་པན་ཇབ་མངའ་སྡེ་ནང་རྟེན་གཞི་ཆགས་པ་(Chitkara)་གཙུག་ལག་སློབ་ཆེན་གྱིས། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་མཆོག་ཕྱི་ཟླ་༡༠་པའི་ཚེས་༡༤་ཉིན་གཙུག་ལག་སློབ་ཆེན་དེར་ཕེབས་ནས། འཛམ་གླིང་རྒྱལ་ཁབ་ཁག་༢༢་ནས་ཆེད་ཕེབས་མཁས་དབང་དང་། ཤེས་ལྡན་མི་སྣ། དགེ་རྒན་ཆེན་པོ་བཅས་མི་གྲངས་ཆིག་སྟོང་བརྒལ་བར། དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་ཀུན་ཁྱབ་བཟང་སྤྱོད་ཀྱི་དགོས་མཁོ་ཟེར་བའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་གཏན་འཁེལ་ཡོད་པར། སློབ་ཆེན་གྱི་དགེ་ལས་སློབ་ཕྲུག་ཚང་མས་དགའ་སྤོབས་ཆེན་པོ་གནང་གི་ཡོད་པ། གཙུག་ལག་སློབ་ཆེན་གྱི་ཉེ་བའི་རིགས་བདག་སངྒིཏ་ཇཱོ་ཧ་རཱ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ད་དུང་ཁོང་གིས་གསུང་ན། ད་ཐེངས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་ཀུན་ཁྱབ་བཟང་སྤྱོད་ཀྱི་དགོས་མཁོ་ཟེར་བའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་གཏན་འཁེལ་བར། འཛམ་གླིང་གི་གླིང་ཆེན་ཁག་དྲུག་དང་རྒྱལ་ཁབ་༢༢་ཀྱི་གཙུག་ལག་སློབ་ཆེན་མི་འདྲ་བ་༣༩་ནས་དགེ་རྒན་ཆེན་མོ་༥༠་ཕེབས་ཀྱི་ཡོད་པའི་ཐོག མཁས་པ་དང་ཤེས་ཡོན་ཅན་བཅས་མི་གྲངས་ཆིག་སྟོང་ཉིས་བརྒྱ་ཙམ་བཅར་གྱི་ཡོད་པ་ངོ་སྤྲོད་གནང་གི་འདུག
སྤྱི་ཟླ་༡༠་པའི་ཚེས་༡༥་ཉིན་༧གོང་ས་མཆོག་ཅཱན་ལྡི་སྒར་སློབ་ཆེན་དུ་ཆིབས་བསྒྱུར་གྱིས། སིཀ་ཆོས་ལུགས་ཀྱི་སྲོལ་འབྱེད་གུ་རུ་ནཱ་ནཀ་མཆོག་དང་འབྲེལ་ཏེ། དེང་རབས་ཀྱི་ཤེས་ཡོན་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག དགེ་སློབ་ཚོར་མཇལ་མོལ་གནང་གཏན་འཁེལ་ཡོད་ཅིང་། ཉིན་གཉིས་རིང་གི་མཛད་འཆར་གྲུབ་རྗེས་སྤྱི་ཚེས་༡༦་ཉིན་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎