༧གོང་ས་མཆོག་གིས་མང་ཚོཊ་ཁྲི་གསུམ་ལ་བཀའ་སློབ་བསྩལ་རྒྱུ་རེད།


2017.06.16
༧གོང་ས་མཆོག་ཨ་རིའི་(San Deigo)གྲོང་ཁྱེར་དུ་ཕེབས་སྐབས། ༢༠༡༧།༦།༡༥ ༧གོང་ས་མཆོག་ཨ་རིའི་(San Deigo)གྲོང་ཁྱེར་དུ་ཕེབས་སྐབས། ༢༠༡༧།༦།༡༥
པ་སངས་དོན་ལྡན།/RFA

འདི་ཚེས་༡༦་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་San Deigo གཙུག་ལག་སློབ་ཕྲུག་དང་། མང་ཚོགས་ཁྲི་གསུམ་ཙམ་ལ་འཛམ་གླིང་ཞི་བདེ་དང་འབྲེལ་བའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།
༧གོང་ས་མཆོག་མཐོ་སློབ་འདིར་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་ནི་མཐོ་སློབ་ཀྱི་གཞི་རྩའི་ལངས་ཕྱོགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྐོར་San Diego་གཙུག་ལག་སློབ་གྲྭ་ཆེན་མོའི་རིགས་བདག་Chancellor སྐུ་ཞབས་Pradeeep Khosla་མཆོག་གིས་གསུངས་འདུག
ཕྱི་ཚེས་༡༥་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་(San Diego)གྲོང་ཁྱེར་ནང་ཞབས་སོར་འཁོད་སྐབས་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་(Kevin Faulconer)གཏན་ཞལ་རྣམ་གཉིས་དང་། (SanDiego)གཙུག་ལག་སློབ་གྲྭ་ཆེན་མོའི་རིགས་བདག་སྐུ་ཞབས་( PradeepKhosla)་མཆོག་བཅས་ཀྱིས་གནམ་ཐང་དུ་༧གོང་ས་མཆོག་ཕེབས་བསུར་སྐུ་བཅར་ཞུས་འདུག
༧གོང་ས་མཆོག་གིས་འཆར་ཅན་ཨ་རིའི་མེ་ཡོ་སྨན་ཁང་ནས་སྐུ་གཟུགས་བརྟག་དཔྱད་གནང་རྗེས་སྐུ་ཁམས་གསལ་ཐང་ངང་བོད་མི་གཙོས་ཕྱི་ནང་མི་རིགས་ཀྱི་ཕེབས་བསུའི་ཁྲོད་མགྲོན་ཁང་དུ་ཕེབས་སྐབས། དེིར་འདུས་མང་ཚོགས་ལ་མཇལ་ཁ་ལྷོད་ལྷོད་གནང་ཡོད་པ་དང་། སྐབས་དེར་སྐུ་བཅར་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་འདི་གའི་གསར་འགོད་པས་བཅར་འདྲི་ཞུས་སྐབས། ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་སྐུ་ཁམས་གསལ་ཐང་ཡིན་པ་སྨན་པས་འགྲེལ་བརྗོད་གནང་འདུག་ལ་མགོན་པོ་མཆོག་གང་ཉིད་ཀྱིས་གསུངས་ཡག་ལ་སྐུའི་གནས་བབ་ཤིན་ཏུ་ཡག་པོ་འདུག་ཅེས་བཀའ་གནང་གི་འདུག་པས།  བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ནས་ཐུགས་ཁྲལ་གནང་དགོས་ཀྱི་མི་འདུག སྐུ་གཟུགས་དཔེ་མི་སྲིད་ཡག་པོ་འདུག་ཅེས་འགྲེལ་བརྗོད་གནང་འདུག
༧གོང་ས་མཆོག་གི་San Diegoགཙུག་ལག་སློབ་གྲྭ་ཆེན་མོའི་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་StevenEvans་གིས་གསུངས་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཆིབས་བསྒྱུར་སྐབས་རྒྱ་ནག་དང་། ཉི་ཧོང་། སྦར་ཛིལ། ཧྥ་རན་སི་སོགས་ནས་ཁྱོན་གསར་འགོད་པ་༡༡༠་ཙམ་བཅར་རྒྱུ་དང་། ཞབས་སྟེགས་གྲངས་༢༥༠༠༠་ཙམ་གོ་སྒྲིག་ཞུས་ཡོད་པ་དང་། སྤྱིར་ཐེངས་འདིར་མི་མང་འདུ་འཛོམས་དེ་སྔ་ལས་ལྡབ་ལྔས་མང་བ་བཅར་རྒྱུ་ཡིན་སྐོར་གསུངས་འདུག
ཕྱོགས་མཚུངས་མཐོ་སློབ་དེའི་རིགས་བདག་(Chancellor Pradeep Khosla)་མཆོག་གིས་གསུང་དོན། མཐོ་སློབ་འདིའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོའི་གསུང་བཤད་དེ། མཐོ་སློབ་ཀྱི་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་དམིགས་ཡུལ་དང་ངེས་པར་དུ་མཐུན་པ་ཞིག་དགོས་ངེས་ཡིན་སྟབས་ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་པ་ཡིན། གང་ཉིད་ཀྱིས་འཚེ་མེད་ཞི་བ་དང་། བདེ་སྐྱིད། བྱམས་བརྩེ། ཆོས་ལུགས་མཐུན་སྒྲིལ་བཅས་གོང་མཐོར་གཏོང་གནང་མཛད་རྒྱུའི་རླབས་ཆེན་གྱི་མཛད་བཟང་ལ་ང་ཚོའི་བརྩི་མཐོང་ཆེན་པོས་གོང་མཐོར་གཏོང་ཐབས་བྱ་བཞིན་པའི་ལངས་ཕྱོགས་དང་ཡོངས་སུ་མཐུན་པ་ཞིག་ཆགས་ཀྱི་ཡོད་ཅེས་(Chancellor Pradeep Khosla)་མཆོག་གིས་གསུངས་འདུག
མཛད་འཆར་ལྟར་ན། ཚེས་༡༦་རེས་གཟའ་པ་སངས་ཉིན་༧གོང་ས་མཆོག་གིས། ཐོག་མར་གསར་འགོད་པ་ཁག་གཅིག་གི་བཅར་འདྲི་དགོངས་སྐོར་ལ་བཀའ་ལན་བསྩལ་གནང་མཛད་པའི་རྗེས། (San Diego)མཐོ་སློབ་ཏུ་མང་ཚོགས་ལ་བཀའ་སློབ་དང་། ཚེས་༡༧་རེས་གཟའ་སྤེན་པའི་ཉིན་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག་དང་། རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎