གཞོན་སྐྱེས་ཚོར་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་འགན་དང་གོ་སྐབས་ཡོད།


2018.10.24
༧གོང་ས་མཆོག་གིས་འཁྲུག་རྩོད་ཡོད་པའི་རྒྱལ་ཁབ་ཁག་ཅིག་གི་གཞོན་སྐྱེས་འགོ་ཁྲིད་ཚོར་བཀའ་སློབ་གནང་སྐབས། ༢༠༡༨།༡༠།༢༤ ༧གོང་ས་མཆོག་གིས་འཁྲུག་རྩོད་ཡོད་པའི་རྒྱལ་ཁབ་ཁག་ཅིག་གི་གཞོན་སྐྱེས་འགོ་ཁྲིད་ཚོར་བཀའ་སློབ་གནང་སྐབས། ༢༠༡༨།༡༠།༢༤
OHHDL

༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་འགན་དང་གོ་སྐབས་ཡོད་བ་རེད་ཅེས་འཛམ་གླིང་འདིའི་ནང་འཁྲུག་རྩོད་ཡོད་པའི་རྒྱལ་ཁབ་ཁག་ཅིག་གི་གཞོན་སྐྱེས་འགོ་ཁྲིད་ཚོར་བཀའ་གནང་འདུག
དེ་ཡང་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་ལྟར་ན། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་ཞི་བདེའི་བསྟི་གནས་ཁང་གིས་གོ་སྒྲིག་འོག་སྤྱི་ཟླ་ ༡༠ ཚེས་ ༢༤ ཉིན་འཛམ་གླིང་ནང་གི་དཀའ་རྙོག་ཡོད་པའི་རྒྱལ་ཁབ་འབར་མ་དང་། ཨབ་གྷ་ནི་སི་ཐན། ཏུ་ནི་ཤི་ཡ། དབུས་ཨ་ཧྥི་རི་ཁ། སོ་མ་ལི་ཡ། ཀོ་ལམ་བྷི་ཡ། ན་ཡི་ཇེ་རི་ཡ། ལི་བྷི་ཡ། སི་རི་ཡ། ཨི་རག ཝེ་ནེན་ཛུ་ལ་སོགས་རྒྱལ་ཁབ་ ༡༤ ཡི་ནང་ཞི་བདེ་གོང་འཕེལ་གཏོང་རྒྱུའི་ལས་དོན་ཐོག་སྣེ་འཁྲིད་གནང་མཁན་གཞོན་སྐྱེས་ཕོ་མོ་ ༢༨ ལ་ཞི་བདེ་སྤེལ་ཐབས་སྐོར་བཀའ་སློབ་སྩལ་གནང་མཛད་འདུག
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འདས་པའི་འཛམ་གླིང་གི་ལོ་རྒྱུས་ནང་དམག་འཁྲུག་གིས་རྐྱེན་པས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་མང་པོ་བྱུང་ཡོད། འོན་ཀྱང་འདས་པའི་ལོ་རྒྱུས་དེ་ཚར་བ་རེད། མ་འོངས་པ་དེ་གང་འདྲ་ཡོང་མིན་གྱི་འགན་དེ་གཞོན་སྐྱེས་ཚོར་ཡོད། འཛམ་གླིང་ནང་ཆོས་ལུགས་ཀྱི་མིང་ཐོག་ནས་རྩོད་རྙོག བཟོ་བཞིན་པ་དེ་མི་ཡོང་བའི་ཐོག་ཆོས་ལུགས་འཆམ་མཐུན་ཡོང་རྒྱུ་ཡོད་པ་དེ་ནི་དཔེར་ན་མི་འབོར་ཆེན་པོ་ཡོད་པའི་རྒྱ་གར་རྒྱལ་ཁབ་འདིའི་ནང་ཆོས་ལུགས་འདྲ་མིན་ཚང་མ་འཆམ་མཐུན་གནས་ཐུབ་ཀྱི་ཡོད། དེར་བརྟེན་གཞོན་སྐྱེས་ཚོར་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་སྟབས་ད་རེས་ཁྱེད་རང་ཚོ་དང་ཐུག་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་ཞེས་གསུངས་འདུག
ཡང་ཏུ་ནི་ཤི་ཡ་ནས་ཡིན་པའི་སི་ན་མ་སུ་ཏིན་ལགས་ཀྱིས་ཐེངས་འདིའི་མཇལ་འཕྲད་དང་འབྲེལ་བའི་སྐོར་བསམ་ཚུལ་བརྗོད་དོན། ང་རང་ཆུང་དུས་༧གོང་ས་མཆོག་གི་ཕྱག་དེབ་མང་པོ་ཀློག་མྱོང་ལ། བཀའ་སློབ་ཡང་མང་པོ་ཉན་མྱོང་། དེར་བརྟེན་ད་རེས་གོ་སྐབས་འདི་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་། ༧གོང་ས་མཆོག་གིས་ང་ཚོས་བཀའ་འདྲི་ཞུས་པ་ཁག་ཡག་པོ་བྱས་ནས་གསན་པ་དང་ཆབས་གཅིག་བཀའ་ལན་ཁ་གསལ་གནང་སྟབས་དེས་ང་རང་ལུང་པར་ལོག་རྗེས་གཞན་ལ་ཉམས་མྱོང་སྤེལ་རྒྱུ་དང་། ང་རང་གིས་ཞི་བདེ་སྤེལ་བའི་ལས་དོན་ལ་ཡང་ཕན་ཐོགས་ཡོང་ས་རེད་ཅེས་གསུངས་འདུག
ཨ་རིའི་ཞི་བདེ་ལྟེ་གནས་ཁང་གིས་དཀའ་ངལ་ཡོད་པའི་རྒྱལ་ཁབ་ཁག་ནང་ཞི་བདེ་སྤེལ་ཐབས་ཆེད་དུ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་ལྷན་དུ་གཞོན་སྐྱེས་འགོ་ཁྲིད་ཚོ་དང་གླེང་མོལ་གནང་ཐེངས་གསུམ་པ་ཡིན་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎