པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་འདུག ༧གོང་ས་མཆོག་གིས།


2018.04.25
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་(Gaggal)གནམ་ཐང་དུ། ༢༠༡༨།།༢༥ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་(Gaggal)གནམ་ཐང་དུ། ༢༠༡༨།།༢༥
tibet.net

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་པ་དང་སྤྱིར་བཏང་ཤེས་ཡོན་ཐོག་སློབ་གཉེར་གནང་བཞིན་ཡོད་པ་གསན་ཐོས་བྱུང་ལུགས་བཀའ་སྩལ་གནང་འདུག
དེ་ཡང་འདི་ཚེས་༢༥་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་བཞིའི་རིང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་(Gaggal)གནམ་ཐང་དུ་ཞབས་སོར་འཁོད་སྐབས་གནམ་ཐང་དུ་འདུ་འཛོམས་ཡོད་པའི་གསར་འགོད་པ་ཞིག་གིས།  པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩ ཕེབས་པའི་འཁྲུངས་སྐར་གྱི་དུས་ཚིགས་འཁེལ་བ་དང་བསྟུན་༧གོང་ས་མཆོག་ལ་པཎ་ཆེན་རིན་པོ་ཆེའི་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བླ་མ་ཡང་དགེ་བའི་བཤེས་གཉེན་ཡག་པོ་ཞིག་གི་སྐུ་མདུན་ནས་བསླབ་པ་སློབ་གཉེར་ཡག་པོ་ཞིག་ཐོབ་གནང་གི་ཡོད་པའི་ཐུགས་རེ་ཡོད་ཅེས་བཀའ་གནང་བ་དང་ཆབས་ཅིག་ངོས་ནས་ངོས་འཛིན་བྱས་པའི་པན་ཆེན་རིན་པོ་ཆེ་ནི་བར་སྐབས་རིང་ག་པར་ཡོད་མེད་ཀྱི་གནས་ཚུལ་ཙམ་གོ་རྒྱུ་ཐོས་རྒྱུ་མེད་པའི་གནས་སྟངས་བྱུང་ཡོད་ཀྱང་ད་ཆ་ཁུངས་ལྡན་གྱི་གནས་ཚུལ་ཞིག་ལ། ཁོང་སྐུ་འཚོ་བཞུགས་ཡིན་པ་དང་སྤྱིར་བཏང་གི་ཤེས་ཡོན་ཐོག་སློབ་གཉེར་གནང་བཞིན་ཡོད་པའི་གནས་ཚུལ་གསན་ཐོས་བྱུང་ཞེས་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས། བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ནང་བླ་མའི་འོས་སྤྲུལ་གཅིག་ལས་མང་བ་ཡོང་སྲིད་པ་དང་། དཔེར་ན་དུས་རབས་གཅིག་གི་གོང་ལ་མཚན་སྙན་ཆེ་བའི་བོད་ཀྱི་བླ་མ་མཁྱེན་བརྩེ་དབང་པོ་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་ཀྱི་རྣམ་སྤྲུལ་བྱུང་མྱོང་ཡོད་པས་ཁྲི་འཛིན་པ་བླ་མ་གཅིག་གི་གནང་ཡང་རྣམ་སྤྲུལ་མི་འདྲ་བ་ཡོང་ཆོག་པ་ཡིན་པ་བཀའ་གནང་འདུག
པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་གློད་གྲོལ་འབྱུང་ཐབས་སུ་ལོ་ལྟར་འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་ལས་འགུལ་སྣ་ཚོགས་པ་ཞིག་སྤེལ་བཞིན་ཡོད་པ་ནས། ཕྱི་ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བྱེས་ཀྱི་བཀྲིས་ལྷུན་པོའི་གདན་སར་ཕྱི་ལུགས་ལྟར་འཁྲུངས་སྐོར་གསོལ་བའི་མངར་ཟས་ཀྱི་སྟེང་བཙན་བྱོལ་བོད་མི་ཆིག་འབུམ་གསུམ་ཁྲི་མཚོན་པའི་ཡང་ལ་མཆོད་མེ་ཆིག་འབུམ་གསུམ་ཁྲི་ཞལ་ཕྱེ་གནང་པའི་ལས་འགུལ་དམིགས་བསལ་ཅན་ཞིག་སྤེལ་ཡོད་པ་རེད། འདི་ནི་བཀྲིས་ལྷུན་པོ་དང་སློབ་ཕྲུག་གི་བོད་བཙན་ལས་འགུལ་ཚོགས་པ་ཟུང་སྦྲེལ་གྱི་ཐོག་ནས་སྤེལ་ཞིང་། ལས་འགུལ་འདི་འཛམ་གླིང་ནང་གི་ཟིན་ཐོག་གསར་པ་ཞིག་ཏུ་ངོས་འཛིན་ཐོབ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པ་ལས་འགུལ་འདི་གོ་སྒྲིག་གནང་མཁན་གཙོ་བོ་དཀྱིལ་ཁང་རིན་པོ་ཆེས་འགྲེལ་བརྗོད་གནང་བྱུང་།  འདིའི་དམིགས་ཡུལ་ནི་འཛམ་གླིང་གི་ཟིན་ཐོ་གསར་པའི་ངོ་བོ་དེའི་ཐོག་ནས་པན་ཆེན་རིན་པོ་ཆེའི་སྐོར་དྲིལ་བསྒྲགས་དང་མང་ཚོགས་ཀྱི་གོ་རྟོགས་མཐོ་རུ་བཏང་སྟེ། མཐར་པན་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་དཀྲོལ་ཡོང་ཐབས་ཆེད་ཡིན་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན་དང་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎