གཞན་ལ་བརྩེ་བའི་བསམ་པ་གོང་ནས་གོང་དུ་འཕེལ་བའི་ལག་རྗེས་སུ། སོ་སོའི་སེམས་ཞི་བདེ་ཆགས་ཀྱི་ཡོད་ཅེས། ༸གོང་ས་མཆོག་གིས་བཀའ་སྩལ་བ།

2023.08.14
གཞན་ལ་བརྩེ་བའི་བསམ་པ་གོང་ནས་གོང་དུ་འཕེལ་བའི་ལག་རྗེས་སུ། སོ་སོའི་སེམས་ཞི་བདེ་ཆགས་ཀྱི་ཡོད་ཅེས། ༸གོང་ས་མཆོག་གིས་བཀའ་སྩལ་བ། ༸གོང་ས་མཆོག་གིས་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༠༨།༡༤ ཉིན།
OHHDL

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ཞི་བའི་ཚལ་ཕོ་བྲང་དུ། སྤྱི་ཟླ་༨པའི་ཚེས་༡༤ཉིན་ལ་དྭགས་པ་དང་ཕྱི་རྒྱལ་མི་རིགས་སོགས་ལ་མཇལ་ཁ་སྩལ་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་གཞན་ལ་བརྩེ་བའི་བསམ་པ་གོང་ནས་གོང་དུ་འཕེལ་བའི་ལག་རྗེས་སུ། སོ་སོའི་སེམས་རྦད་དེ་ཞི་བདེ་ཆགས་ཐུབ་ཀྱི་ཡོད་པ་དང་། ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱིས་ནམ་རྒྱུན་སེམས་དཀྲུག་ཡོང་གི་ཡོད་པས། སངས་རྒྱས་པའི་ཆོས་དེ་སློབ་སྦྱོང་ཡག་པོ་བྱས་ཏེ་བསམ་བློ་ཡག་པོ་ཞིག་བཏང་ནས་ཕྱིན་པ་ཡིན་ན། ཧ་ཅང་ཡག་པོ་ཡོད་པ་རེད་ཅེས་བཀའ་སྩལ་གནང་གི་འདུག

ཡང་མཇལ་ཁ་དེའི་བརྙན་དང་ཆབས་ཅིག་ཏུ་དགའ་ལྡན་ཕོ་བྲང་གིས་དེ་སྔའི་༸གོང་ས་མཆོག་གི་བཀའ་སློབ་ཞིག་ཀྱང་བཞག་ཡོད་པའི་ནང་། ༸གོང་ས་མཆོག་གིས་ང་ཚོའི་མི་ཚེ་མགོ་ཚུགས་པའི་ཉིན་མོ་ནས་བརྩེ་བའི་འོག་ནས་འཚོས་ཡོད་པས། ཚོར་བ་དེ་ང་ཚོའི་ཁྲག་གི་གཏིང་ལ་སླེབས་ཡོད་པ་དང་། དེ་འདྲར་བརྟེན་མི་གདུག་པ་ཅན་ཞིག་ཡིན་ནའང་། གཞན་ཞིག་གིས་བརྩེ་བ་བྱས་ན་ཁོ་ལ་ཕལ་ཆེར་ཚོར་བ་བདེ་བ་ཞིག་ཏན་ཏན་ཡོང་གི་རེད་ཅེས་བཀའ་སྩལ་ཡོད་པ་རེད

བོད་མིའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༧པའི་ཚེས་༡༡ནས་ལ་དྭགས་སུ་ཞབས་སོར་འཁོད་དེ། ཞི་བ་ཚལ་གྱི་གསུང་ཆོས་ར་བར་ཕྱི་ནང་གི་མི་མང་ཁྲི་ཚོ་བཞི་བརྒལ་བར། སྤྱི་ཟླ་༧པའི་ཚེས་༢༣ཉིན་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་། སྤྱི་ཚེས་༢༤ཉིན་བརྟན་བཞུགས་བསྟར་འབུལ་བཅས་གནང་ཡོད་པ་མ་ཟད། སྤྱི་ཚེས་༢༦ཉིན་ས་གནས་བོད་མི་ཚོར་དམིགས་བསལ་བཀའ་སློབ་དང་སྤྱི་ཚེས་༣༡ཉིན་ཏོག་ས་གནས་སུ་གནས་གཟིགས་བཀའ་དྲིན་བསྐྱངས་པ། སྤྱི་ཟླ་༨པའི་ཚེས་༧ཉིན་ལམ་སྒྲོན་སློབ་གྲྭའི་དབྱར་ཆོས་ལ་ཆིབས་བསྒྱུར་བཀའ་ཆོས་སྩལ་པ་དང་། སྤྱི་ཟླ་༨པའི་ཚེས་༡༢ཉིན་ལ་དྭགས་ཨེ་མམ་བྷར་གྷ་ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་ལྗགས་སྨིན་གསོལ་ཏེ་བཀའ་སློབ་བཀའ་དྲིན་ཆེ་ཡོད་པ་དང་། རིང་མིན་སྤྱི་ཟླ་༨པའི་ཚེས་༡༨ཉིན་ལ་དྭགས་དབུས་འཛིན་སྐྱོང་མངའ་ཁུལ་གཤམ་རི་ལྗོངས་ནས་གསོལ་འདེབས་ཞུས་པ་ལྟར་ཆིབས་བསྒྱུར་གྱིས། སྤྱི་ཟླ་༨པའི་ཚེས་༡༩ཉིན་གཤམ་གྱི་མཁར་རྩེའི་གསུང་ཆོས་ར་བར་དད་ལྡན་མི་མང་ལ་སྒྲོལ་དཀར་གྱི་ཚེ་དབང་སྩལ་གཏན་ཁེལ་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎