འཚེ་བའི་ལས་ལ་ཞུགས་རྒྱུ་མེད།


2013.04.24
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
Photo: RFA

༄༅།    །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཉམས་ལེན་བྱེད་མཁན་ཞིག་གི་ངོས་ནས་གཞན་ལ་འཚེ་བ་བྱ་རྒྱུ་ལས་ལྡོག་སྟེ།    འགྲོ་བ་གཞན་ལ་བྱམས་བརྩེ་དང་བཟོད་བསྲན་བྱ་རྒྱུ་ནི་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་སློབ་སྟོན་ཙམ་མ་ཟད། བཟང་སྤྱོད་ཀྱི་ལས་འགན་ཆེན་པོ་ཞིག་ཀྱང་ཆགས་ཡོད་ཅེས་ལམ་སྟོན་བསྩལ་འདུག
ཨེ་བི་སི་གསར་ཁང་གིས་ཕྱི་ཚེས་༢༢ ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཉེ་ཆར་འབར་མའི་ནང་འབྱུང་བཞིན་པའི་ཁ་ཆེ་དང་འབར་མའི་ནང་པའི་དབར་གྱི་རྩོད་རྙོག་དང་འབྲེལ་བའི་ཛ་དྲག་གནས་ཚུལ་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་དོན། འབར་མའི་ནང་པ་ཁག་ཅིག་གིས་ཁུལ་དེའི་ནང་ཡོད་པའི་རོ་ཧིང་ཇ། ཞེས་པའི་གྲངས་ཉུང་མི་རིགས་ཁྲོད་དྲག་སྤྱོད་སྤེལ་ནས་མི་གྲངས་བརྒྱ་ལྷག་འདས་གྲོངས་ཕྱིན་ཡོད་པ་དང་།གཞན་མང་པོ་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་གནས་ཚུལ་ཐོས་སྐབས། བློ་ཕམ་ཆེན་པོ་བྱུང་ཞེས་བཀའ་གནང་བ་དང་འབྲེལ། ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་ཕྱིན་ཆད་གཞན་ལ་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས། འགྲོ་བ་མི་ཕན་ཚུན་དབར་ལ་དཀའ་ངལ་གང་འདྲ་འཕྲད་ཀྱང་དེ་དག་གྲོས་མོལ་ལམ་ལས་ལྡོག་སྟེ།    འཚེ་བའི་སྒོ་ནས་སེལ་ཐབས་བྱས་ན། དཀའ་ངལ་སྔར་ལྷག་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ་བ་རེད། དེར་བརྟེན་དཀའ་ངལ་གང་ཞིག་ཡིན་རུང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། དེ་བཞིན་དཀའ་ངལ་དེ་དག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨང་སང་སུ་ཅི་ཡིས་བར་འདུམ་གནང་སྟེ།    གང་མགྱོགས་སེལ་གནང་བའི་རེ་བ་བྱེད་བཞིན་ཡོད་ཅེས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎