༧གོང་ས་མཆོག་གིས་རྒྱ་གར་སྲིད་བློན་གྱི་འཁྲུངས་སྐར་ལ་འཚམས་འདྲི།


2018.09.17
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག 2019/9/15 བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག 2019/9/15
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིས་མཆོག་དགུང་གྲངས་༦༨སོན་པའི་འཁྲུངས་སྐར་ལ་འཚམས་འདྲི་བསྩལ་འདུག
རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་མཆོག་གི་འཁྲུངས་སྐར་ཕྱི་ཟླ་ ༩ ཚེས་ ༡༧ ཉིན་ཡིན་ཞིང་།   ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་།  རྒྱ་གར་ནི་འཛམ་གླིང་ཐོག་དམངས་གཙོའི་ལུང་པ་ཆེ་ཤོས་དེ་ཡིན་པར་མ་ཟད། འཛམ་གླིང་ཐོག་ལེགས་སྐྱེས་ཆེན་པོ་འབུལ་བའི་ཆ་རྐྱེན་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།  འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་སྐྱིད་ཀྱི་དོན་དུ་བརྟན་ལྷིང་དང་། ཆོས་ལུགས་མཐུན་བསྒྲིལ། སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་སོགས་པ་རྒྱ་གར་ནས་བྱུང་བའི་རིག་གནས་ཀྱི་གཅེས་ནོར་ཁག་གཞན་དང་མཉམ་སྤྱོད་ཐུབ་རྒྱུར་ངོས་རང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མོ་དྷིས་མཆོག་གི་དབུ་ཁྲིད་ལམ་སྟོན་གྱི་འོག་རྒྱ་གར་མི་མང་མུ་མཐུད་ཡར་རྒྱས་གོང་འཕེལ་དུ་འགྲོ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
གཞན་ཡང་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། ༧གོང་ས་མཆོག་སྐུ་ཉིད་རྒྱ་གར་གྱི་བང་ཆེན་ཞིག་དུ་ངོས་འཛིན་གནང་གི་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་ཕྱོགས་གང་དུ་ཕེབས་ཀྱང་རྒྱ་གར་གྱི་སྲོལ་རྒྱུན་གྱི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་བཟོད་སེམས་གྱི་ཐད་བསྔགས་བརྗོད་གནང་གི་ཡོད་པར་མ་ཟད།  འདས་པའི་ལོ་འགའ་ཤས་ཤིག་གི་སྔོན་ནས་དམ་བཅའ་བརྟན་པོའི་སྒོ་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུར་འབད་བརྩོན་གནང་གི་ཡོད་ཞེས་དང་།  ཁྲོ་སེམས་ལ་སོགས་པ་ཚོར་མྱོང་ངན་པ་ཁག་མེད་པ་བཟོ་རྒྱུ་དང་ནང་སེམས་ཀྱི་ངོ་བོའི་རིན་ཐང་གོང་འཕེལ་གཏོང་ཐབས་སུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁག་བསྐྱར་གསོ་བྱ་རིན་ཆེན་པོ་ཞིག་ཡོད་པར་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  རྒྱ་གར་ནི་ནང་སེམས་ཀྱི་ཞི་བདེ་བསྐྲུན་པའི་སླད་གནའ་བོའི་རིག་གནས་དང་དེང་དུས་ཤེས་ཡོན་ཟུང་འབྲེལ་གྱི་ཐོག་ནས་འགྲོ་ཐུབ་མཁན་གྱི་ཡུལ་གྲུ་གཅིག་པུ་དེ་ཡིན་པ་བཀའ་གནང་པ་དང་སྦྲགས།  དེང་སྐབས་རྒྱ་གར་གྱི་གཞོན་སྐྱེས་ཚོའི་ཁྲོད་གནའ་བོའི་རྒྱ་གར་གྱི་རིག་གཞུང་བསྐྱར་གསོ་བྱ་འདོད་ཀྱི་བསམ་བློ་དང་དོན་གཉེར་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་ནི་བློ་སྤོབས་འཕེལ་བའི་གཞི་ཡུལ་ཞིག་ཡིན་པ་བཀའ་གནང་འདུག
གསུང་འཕྲིན་གྱི་མཐའ་སྡོམས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།   རྒྱ་གར་ནི་འདས་པའི་ལོ་ ༥༩ ཙམ་རིང་ང་ཚོའི་ཁྱིམ་ཚང་ལྟ་བུ་ཆགས་ཡོད་སྟབས།  བོད་ཀྱི་ཡོངས་ཀྱི་ཚབ་གནང་ནས་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་དང་།  རྒྱ་གར་གྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོས་སྐྱབས་བཅོལ་གྱི་གནས་སྟངས་འདིའི་འོག་གནའ་བོའི་རིག་གཞུང་གི་གཅེརས་ནོར་ཁག་བདག་གཅེས་ཉར་ཚག་ཐུབ་པ་བྱུང་ཡོད་པ་བཀའ་གནང་འདུག

གསར་འགོད་པ་སྐལ་བཟང་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎