༧གོང་ས་མཆོག་ཡོ་རོབ་གྲོས་ཚོགས་ཀྱི་ཆེ་མཐོའི་མི་སྣར་མཇལ་བ།


2016.09.15
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་Martin Schulz་དང་མཇལ་འཕྲད་སྐབས། ༢༠༡༦།༩།༡༥ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་Martin Schulz་དང་མཇལ་འཕྲད་སྐབས། ༢༠༡༦།༩།༡༥
tibet.net

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་ཆེ་མཐོའི་མི་སྣ་ཁག་ཅིག་དང་ལྷན་མཇལ་འཕྲད་མཛད་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཉེ་ལམ་སྦེལ་ཇེམ་Belgium་རྒྱལ་ས་Brussels་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་རྗེས། ཧྥ་རན་སིའི་རྒྱལ་ས་པེ་རིསུར་ཞབས་སོར་བདེ་བར་འཁོད་གནང་ནས་དེ་ཁུལ་གྱི་རྒྱལ་ས་པེ་རིསུ་དང་Strasbourg་གྲོང་ཁྱེར་གཉིས་སུ་མཛད་འཕྲིན་སྐྱོང་གནང་མཛད་བཞིན་པ་རེད།
འདི་ཚེས་༡༥་ཉིན་གྱི་སྔ་དྲོར་གོང་ས་མཆོག་གིས་Strasbourg་གྲོང་ཁྱེར་ནང་ཆགས་པའི་ཡོ་རོབ་གྲོས་ཚོགས་སུ་གཟིགས་ཞིབ་མཛད་འདུག་པ་དང་། དེར་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Martin Schulz་མཆོག་ནས། ༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་གནང་པ་དང་སྦྲགས་མཇལ་འཕྲད་གནང་འདུག
དེ་བཞིན་ཡང་གྲོས་ཚོགས་ལ་གཟིགས་ཞིབ་ཀྱི་མཛད་འཆར་སྐབས། ༧གོང་ས་མཆོག་གིས་ཡོ་རོབ་ལས་དོན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་Thorbjom Jagland་མཆོག་དང་། ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Pedro Agramunt མཆོག དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་Nils Muznieks་བཅས་དང་ལྷན་མཇལ་འཕྲད་གནང་འདུག
གནས་ཚུལ་ནང་གསལ་ལྟར་ན། དེ་རིང་སྔ་དྲོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ནང་། བྱམས་བརྩེ་དང་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་སྐོར་བཀའ་སློབ་གསུངས་བཤད་སྩལ་གནང་མཛད་པ་དང་། ༧གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་ནང་བཀའ་སློབ་གནང་སྐབས། སྐུ་ཉིད་ཀྱི་རེ་བ་ལ་བོད་ཀྱི་གནད་དོན་དེ་སེལ་ཐུབ་རྒྱུ་དང་དེ་ནི་སྤྱིའི་རྒྱལ་ཁ་དང་ལྷག་པར་དུ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་དོན་དང་ལྡན་པའི་སྐྱོན་བརྗོད་གནང་རྒྱུ་འཛེམ་ཟོན་དགོས་ཀྱི་མ་རེད། སྐབས་སྐབས་སུ་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་བྱ་རྒྱུ་དེ་དགོས་མཁོ་ཅན་ཞིག་དང་ཕན་འདོགས་ཡོང་གི་རེད་ཅེས་དང་། ད་དུང་གོང་ས་མཆོག་གིས་ཡོ་རོབ་སྒྲིག་འཛུགས་ཀྱི་སྙིང་སྟོབས་དང་སྒྲིག་འཛུགས་དེས་མི་དམངས་ཀྱི་བདེ་དོན་ཆེད་དུ་ཕྱག་ལས་གནང་བཞིན་པར་ཆེ་བསྟོད་གནང་འདུག དེ་བཞིན་ཉིན་རྒྱབ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་Strasbourg་གྱི་ཚོགས་ཁང་ཆེན་མོའི་ནང་སློབ་ཕྲུག་༩༠༠་ཙམ་དང་མི་དམངས་ཆིག་སྟོང་ཙམ་ལ་བཟོད་བསྲན་དང་གྲོས་མོལ་ཅེས་པའི་བརྗོད་གཞིའི་སྒོ་ནས་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་འདུག་ཅིང་། བཀའ་སློབ་འདི་ནི་Strasbourg་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག།
དེ་བཞིན་༧གོང་ས་མཆོག་སྤྱི་ཚེས་༡༤་ཉིན་ཧྥ་རན་སུའི་གྲོས་ཚོགས་གོང་མའི་ནང་ཕེབས་ནས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎