༧གོང་ས་མཆོག་མི་ཡུལ་ལ་འཁྲུངས་པའི་སངས་རྒྱས་ཀྱི་རྣམ་སྤྲུལ་ཡིན།


2016.01.06
རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་གྱ་སྟོན་བཤམས་སྐབས། ༢༠༡༦།༡།༤ རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་གྱ་སྟོན་བཤམས་སྐབས། ༢༠༡༦།༡།༤
OHHDL

རྒྱ་གར་གྱི་སྲིད་བློན་ཟུར་བས་རྒྱ་གར་གྱི་ཡུལ་ཞི་བདེ་དང་མཛའ་མཐུན་དུ་གནས་ཐབས་སུ་༧གོང་ས་མཆོག་གི་བྱིན་རླབས་ཞུ་རྒྱུ་ཡིན་གསུངས་བ།
དེ་ཡང་དེ་རིང་རྒྱ་གར་གྱི་Economic Timesཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་སྲིད་བློན་ཟུར་པ་Manmohan singhམཆོག་གིས། བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་དེང་དུས་ཀྱི་སྟོན་པ་ཤཀྱ་ཐུབ་པའི་ཡང་སྲིད་ལྟ་བུ་དང་། ཏཱ་ལའི་བླ་མ་ནི་དུས་རབས་གསར་བར་འཁྲུངས་པའི་སངས་རྒྱས་ཀྱི་རྣམ་སྤྲུལ་ཡིན་པས། རྒྱ་གར་གྱི་ཡུལ་ཞི་བདེ་དང་མཛའ་མཐུན་དུ་གནས་ཐབས་སུ་༧གོང་ས་མཆོག་གི་བྱིན་རླབས་ཞུ་རྒྱུ་ཡིན་ལུགས་ཕྱི་ཚེས་༤ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་ཆབ་སྲིད་མཐོ་རིམ་མི་སྣ་དང་། ཆོས་ལུགས་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་གྲགས་ཅན་ཁག་གཅིག་གིས་༧གོང་ལ་ཆེད་དུ་གྱ་སྟོན་གསོལ་སྟོན་བཤམ་སྐབས་གསུངས་ཡོད་པ་རེད།
སྐབས་དེར་ཁོང་གིས་༧གོང་ས་མཆོག་ནི་དཀོན་མཆོག་གིས་འཇིག་རྟེན་གྱི་འགྲོ་བ་མིའི་རིགས་ལ་གནང་བའི་རྩ་ཆེའི་ལེགས་སྐྱེས་ཤིག་ཡིན་པ་དང་། རྒྱ་གར་ནི་དྲང་སྲོང་དང་ཆོས་པའི་ཡུལ་ཞིག་ཡིན་སྟབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་གྱི་དྲང་སྲོང་རྣམས་ཀྱི་མཛད་རྗེས་བཞིན་རྒྱ་གར་རྒྱལ་ཁབ་དང་། མི་མང་རྣམས་འཚེ་མེད་ཞི་བའི་ཕྱོགས་སུ་བསྐྱོད་ཐབས་སུ་ལམ་སྟོན་གནང་རྒྱུར་མཐུན་འགྱུར་གནང་མཁན་ཞིག་ཡིན་པས་རྒྱ་གར་ཞི་བདེ་དང་འཆམ་མཐུན་གྱི་ལམ་དུ་བསྐྱོད་པར་བྱིན་རླབས་སྩོལ་བཞིན་པ་ཡིན་པར་ཡང་གསུངས་གནང་འདུག
སྐབས་དེར་རྒྱ་གར་གྱི་སྲིད་བློན་ཟུར་པ་Manmohan singhམཆོག་གིས། ཚོགས་བཅར་བ་ཡོངས་ཀྱི་ཚབ་ཞུས་ནས་༧གོང་ས་མཆོག་ལ་ཙན་དན་ལས་གྲུབ་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་རྩེ་མོར་ཆོས་ཀྱི་འཁོར་ལོ་ཡོད་པ་ཞིག་དྲན་རྟེན་ཕྱག་རྟགས་སུ་འབུལ་བཞེས་གནང་ཡོད་པ་རེད།
མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་L.K. Advaniམཆོག་དང་། དངུལ་རྩིས་བློན་ཆེན་ཟུར་པ་P Chidambaram ནོ་ཝེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བ་སྐུ་ཞབས་Kailash Satyarthi་ལགས། དེ་བཞིན་སྒྱུ་རྩལ་བ་དང་། རྒྱལ་རབས་མཁས་པ། ཚོང་པ་གྲགས་ཅན། གཞུང་ཚབ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎