གོང་ས་མཆོག་དབུ་བཞུགས་ཀྱིས་ཉི་ཧོང་ནང་ས་ཡོམ་གནོད་འཚེའི་ཁྲོད་རྐྱེན་འདས་སུ་གྱུར་བ་ཚོའི་ཆེད་ཐུགས་སྨོན་གསོལ་འདེབས།


2018.11.22
 གོང་ས་མཆོག་དབུ་བཞུགས་ཀྱིས་ཉི་ཧོང་ནང་ས་ཡོམ་གནོད་འཚེའི་ཁྲོད་རྐྱེན་འདས་སུ་གྱུར་བ་ཚོའི་ཆེད་ཐུགས་སྨོན་གསོལ་འདེབས། གོང་ས་མཆོག་དབུ་བཞུགས་ཀྱིས་ཉི་ཧོང་ནང་ས་ཡོམ་གནོད་འཚེའི་ཁྲོད་རྐྱེན་འདས་སུ་གྱུར་བ་ཚོའི་ཆེད་ཐུགས་སྨོན་གསོལ་འདེབས།
OOHDL

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་Kumamoto ས་གནས་སུ་ས་ཡོམ་དང་ཆུ་ལོག་སོགས་རང་བཞིན་འབྱུང་བའི་གནོད་པ་བྱུང་སྟེ་རྐྱེན་འདས་སུ་གྱུར་བ་ཚོའི་ཆེད་ཐུགས་སྨོན་གསོལ་འདེབས་གནང་འདུག        ༧གོང་ས་མཆོག་ལ་ཉི་ཧོང་བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོས་་གསོལ་བ་བཏབ་པ་ལྟར་་ཉི་ཧོང་གི་ལྷོ་ཕྱོགས་Fukuoka ས་གནས་ཀྱི་Tochoji  དགོན་པའི་ནང་ས་ཡོམ་དང་། ཆུ་ལོག་གི་རང་བྱུང་གནོད་འཚེ་བྱུང་སྟེ་རྐྱེན་འདས་སུ་གྱུར་བ་ཚོའི་ཆེད་གོང་ས་མཆོག་གིས་དེར་འདུས་པའི་དགེ་འདུན་པ་ཞལ་གྲངས་ཆིག་སྟོང་བརྒྱད་བརྒྱ་ཙམ་དང་ལྷན་དུ་ཞལ་འདོན་གནང་ནས་ཐུགས་སྨོན་གསོལ་འདེབས་གནང་རྗེས་བཀའ་སློབ་བཀའ་དྲིན་བསྐྱངས་གནང་འདུག     དེ་ཡང་༧གོང་ས་མཆོག་གིས་ཕྱི་ལོ་༢༠༡༦ ལོར་ས་ཡོམ་གྱི་འཇིག་པ་དང་། དེ་ནས་ཆུ་ལོག་སོགས་རང་བཞིན་འབྱུང་བའི་གནོད་པ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་།    ཐུགས་ཚབས་བྱུང་བ་སོགས་ཀྱི་སྐོར་བཀའ་གནང་འདུག       སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་རྒྱ་གར་ཕྱོགས་ལ་ཆིབས་ཞལ་བསྒྱུར་ཡོད་པ་དང་།   བཞུགས་སྒར་རྡ་རམ་ས་ལར་སྤྱི་ཚེས་༢༥ཉིན་ཞབས་སོར་འཁོད་རྒྱུ་ཡིན་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསུངས་འདུག

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ་དང་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎