༧གོང་ས་མཆོག་གིས་ཉི་ཧོང་གི་སྨན་༥༠༠ལྷག་ལ་བཀའ་སློབ་གནང་།


2015.04.06
༧གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་Tokyoནང་གི་སྨན་པའི་ལྷན་ཚོགས་བཀའ་སློབ་གནང་སྐབས། ༢༠༡༥།༤།༤ ༧གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་Tokyoནང་གི་སྨན་པའི་ལྷན་ཚོགས་བཀའ་སློབ་གནང་སྐབས། ༢༠༡༥།༤།༤
སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་ཉི་ཧོང་ནང་སྨན་པ་དང་སྨན་ཞབས་པའི་ལས་ཀ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་གསུངས་འདུག
དེ་ཡང་ཕྱི་ཚེས་༤་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་Tokyoནང་གི་སྨན་པའི་ལྷན་ཚོགས་ཤིག་ཐོག གཞན་ལ་ཕན་པའི་ལས་ཀ་འདྲ་མིན་ཡོད་ཀྱང་སྨན་པ་དང་། སྨན་ཞབས་པའི་ལས་ཀས་གཞན་ལ་མི་ཚེ་གསར་པ་ཞིག་སྦྱིན་བཞིན་ཡོད་ཅེས་སོགས་སྐབས་དེར་འདུས་པའི་སྨན་པ་༥༠༠་ཙམ་མ་ཟད། ཉི་འོང་ཡུལ་གྱི་མི་མང་འབུམ་གཉིས་མིན་ཙམ་གྱིས་ཐད་ཀར་དྲ་ལམ་བརྒྱུད་ནས་བཀའ་སློབ་གསན་གཟིགས་གནང་ཐུབ་ཡོད་པ་རེད། ཡང་ཕྱི་ཚེས་༣་ཉིན་གྲོང་ཁྱེར་Sapporoཞེས་པ་དེར་མང་ཚོགས་༡༨༠༠བརྒལ་བར་ཀུན་ཁྱབ་འགན་ཁུར་ཐོག་བླང་དོར་བཀའ་སློབ་སྩལ་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་རྒྱལ་ས་ཊོཀ་ཁྱོ་ནས་མཁའ་ལམ་བརྒྱུད་Hokkaidoས་གནས་ཀྱི་གྲོང་ཁྱེར་Sapporoཞེས་པར་ཕེབས་འབྱོར་གྱིས་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཞེས་པའི་ཚོགས་པའི་འབྲེལ་ཡོད་མི་སྣས་ཕེབས་བསུ་ཟབ་རྒྱས་ཞུས་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་དེར་ཡོད་མང་ཚོགས་༡༨༠༠་ལྷག་ཙམ་ལ་བཀའ་སློབ་སྩལ་གནང་བའི་ནང་ང་ཚོ་ཚང་མས་བདེ་བ་འདོད་ཀྱི་ཡོད། བདེ་བ་འགྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། རིམ་པ་གཉིས་པའི་ཐོག་ནས་བརྗོད་ན། ང་ཚོའི་དབར་རྒྱལ་ཁབ་དང་ཆོས་དད་ཡོད་མེད། ཆོས་ལུགས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་མི་འདྲ་བའི་ཁྱད་པར་ཡོད་ཀྱང་དེ་བས་གལ་ཆེ་བ་ནི་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དེ་མ་བརྗེད་པ་བྱེད་དགོས། ང་ཚོ་སུ་གཅིག་གིས་རྙོག་དྲ་དང་དཀའ་ངལ་འདོད་ཀྱི་མེད་ཀྱང་དཀའ་ངལ་དང་རྙོག་དྲ་མང་དག་ཅིག་འཕྲད་བཞིན་ཡོད། དེ་ནི་གཙོ་བོ་རིམ་པ་གཉིས་པའི་གནས་སྟངས་ཐོག་ནས་མི་འདྲ་བ་ཡོད་པ་དེ་ལ་བརྟེན་ནས་ཡོང་བཞིན་ཡོད། གལ་ཏེ་ང་ཚོས་རིམ་པ་གཉིས་པའི་གནས་སྟངས་ལ་རྩིས་མེད་བཏང་ནས་ང་ཚོ་ཕན་ཚུན་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་པ་ཡིན་ན། དཀའ་ངལ་དང་རྙོག་དྲ་དེ་དག་ཡོང་རྒྱུའི་གཞི་རྩ་གང་ཡང་ལྷག་གི་མ་རེད། ལྷག་པར་དུ་ང་ཚོ་འགྲོ་བ་མི་ཞིག་ཡིན་སྟབས་མི་རྣམས་ལ་ཕུལ་དུ་བྱུང་བའི་རྣམ་དཔྱོད་ལྡན་ཡོད། རྣམ་དཔྱོད་དེ་ཚུལ་དང་ལྡན་པའི་ཐོག་ནས་བཀོལ་ཐུབ་ན་མི་ཚེ་བདེ་སྐྱིད་དང་ལྡན་ལ་ལམ་ལྷོང་ལྡན་པ་ཞིག་བསྐྱལ་ཐུབ་ངེས་རེད་སོགས་ཀྱི་བཀའ་སློབ་སྩལ་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎