ཉི་ཧོང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་ཐབས་གནང་རྒྱུ།


2018.11.20
ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མིས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་ནས་༧གོང་ས་མཆོག་དང་མཇལ་འཕྲད་སྐབས། ༢༠༡༨།༡༡།༢༠ ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མིས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་ནས་༧གོང་ས་མཆོག་དང་མཇལ་འཕྲད་སྐབས། ༢༠༡༨།༡༡།༢༠
OHHDL

ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མིས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་ཐབས་གནང་རྒྱུའི་སྙན་སེང་ཞུས་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཕྱི་ཚེས་༢༠ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་(Tokyo)ནང་གྲོས་ཚོགས་ཀྱི་ཀྱི་འཐུས་མིས་གྲུབ་པའི་བོད་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་འཐུས་མི་ལྷན་དང་མཇལ་འཕྲད་གནང་འདུག་པ་དང་། མཇལ་འཕྲད་སྐབས་ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡལ་བཤིག་ཚབས་ཆེ་གཏོང་བཞིན་པའི་གནས་སྟངས་ལ་བློ་འཚབ་ཡོད་པ་གསལ་འདོན་གནང་པ་མ་ཟད། རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་གླེང་སློང་གནང་རྒྱུ་དང་དེ་བཞིན་བོད་ཀྱི་གནད་དོན་དང་འབྲེལ་དེ་ཉི་ཧོང་གི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་ཐབས་གནང་རྒྱུ་ཡིན་པ་སྙན་སེང་ཞུས་ཡོད་པ་རེད། གཞན་ཡང་༧གོང་ས་མཆོག་གི་ཉི་ཧོང་ནང་ཕེབས་ཞོར་རིང་ཕྱི་ཚེས་༢༠ཉིན། དེ་ཁུལ་དུ་གནས་བཞུགས་བོད་མི་དང་འབྲུག་པ་དེ་བཞིན་ཧི་མཱ་ལ་ཡའི་མི་རིགས་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་སྟབས་བསྟུན་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་གལ་ཆེ་བའི་སྐོར་ལམ་སྟོན་བཀའ་སློབ་བསྩལ་འདུག།   
མཛད་འཆར་ལྟར་ན། ཕྱི་ཚེས་༢༡ཉིན་༧མགོན་པོ་གང་ཉིད་མཆོག་(Tokyo)ནས་ཆིབས་ཞལ་བསྒྱུར་ཏེ་ཉི་ཧོང་གི་ལྷོ་ཕྱོགས་སུ་དེ་སྔ་ས་འགུལ་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་སླད་མཆོད་འབུལ་སྨོན་ལམ་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎