༧གོང་ས་མཆོག་གིས་ཉི་ཧོང་དུ་ཁོར་ཡུག་སྐོར་ལ་བཀའ་སློབ་གནང་།


2015.04.07
༧གོང་ས་མཆོག་གིས་ཉི་ཧོང་དུ་ཁོར་ཡུག་སྐོར་ལ་བཀའ་སློབ་གནང་སྐབས། ༢༠༡༥།༤།༦ ༧གོང་ས་མཆོག་གིས་ཉི་ཧོང་དུ་ཁོར་ཡུག་སྐོར་ལ་བཀའ་སློབ་གནང་སྐབས། ༢༠༡༥།༤།༦
Tenzin Jigmey

ཁོར་ཡུག་ནི་འགྲོ་བ་མིའི་འཚོ་གནས་དང་འབྲེལ་བ་དམ་ཟབ་དང་འགྲོ་བའི་ཁྱིམ་ཚང་ཡང་དེ་ཡིན་པ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༦ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་མ་འོངས་པའི་མི་རབས་གསར་པ་ཚོའི་ཆེད་དུ་དམིགས་པའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་འཛམ་གླིང་གི་མི་འབོར་འཕེལ་རྒྱས་དང་། དབུལ་ཕྱུག་གི་དཀའ་ངལ། གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གི་གནོད་འཚེའི་འབྱུང་རྐྱེན་སྐོར་བཀའ་སློབ་སྩལ་གནང་ཡོད་པ་དང་། ཉིན་དེའི་སྔ་དྲོ་༧གོང་ས་མཆོག་དང་ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྟེ། ཕྱོགས་གཉིས་པོའི་འབྲེལ་ཡོད་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་བཀའ་བསྡུར་གནང་ཡོད་པ་རེད། དེ་རྗེས་ཉིན་དགུང་རྒྱབ་ཏུ་ཉི་ཧོང་གི་Yomiuriཚོགས་ཁང་ཆེན་མོའི་ནང་ཊོག་ཁྱོ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་སོགས་ཚོགས་ཞུགས་པ་ཆིག་སྟོང་བརྒྱ་ལྷག་ལྷན་འཛོམས་གནང་བའི་རྒྱལ་སྤྱིའི་ཁོར་ཡུག་གི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བསྩལ་བའི་ནང་། ད་རེས་བསྐྱར་དུ་གྲོགས་པོ་རྙིང་པ་ཚོ་དང་ཐུག་རྒྱུ་བྱུང་བ་དགའ་པོ་བྱུང་། ང་ཚོ་བོད་མི་རིགས་དེ་ནི་མི་སུ་འདྲ་ཞིག་དང་ངོ་ཤེས་དང་གྲོགས་པོ་ཞིག་ཏུ་གྱུར་ཚེ་མི་ཚེའི་མཐའ་བར་གྲོགས་པོའི་འདུ་ཤེས་འཛིན་པ་དེ་ནི་བོད་མིའི་རིག་གཞུང་ཞིག་ཡིན་ཞིང་། དེ་རིང་གི་བརྗོད་གཞི་ནི་ཁོར་ཡུག་སྐོར་ལ་ཡིན་པ་ལྟར་ཁོར་ཡུག་སྐོར་ལ་ངོས་ནས་མུ་མཐུད་ནས་དོ་སྣང་དང་སློབ་སྦྱོང་བྱེད་བཞིན་ཡོད། དེ་སྔ་ངོས་རང་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཐོག་མར་འབྱོར་བའི་སྐབས། ཁོར་ཡུག་གནད་འགག་ཆེན་པོ་ཡིན་པ་དེ་ཙམ་གྱི་མཁྱེན་རྟོགས་མེད་ཀྱང་རིམ་པས་གནད་འགག་ཆེན་པོ་ཡིན་པའི་ཐོག་ལ་དོ་སྣང་དང་ཤེས་རྟོགས་ཐུབ་པ་བྱུང། གནད་དོན་གཅིག་ནི། འཛམ་གླིང་གི་མི་འབོར་ད་ཆ་ཐེར་འབུམ་བདུན་ཡོད་པ་ནས་མ་འོངས་པའི་དུས་རབས་མཇུག་རྫོགས་པའི་སྐབས་ཐེར་འབུམ་༡༠བར་འཕེལ་རྒྱས་འགྲོ་རྒྱུ་ཡིན་པ་དེ་ཡིས། མི་འབོར་མང་པོ་ཞིག་འཚོ་བའི་གནས་སྟངས་སྐྱོ་པོ་དང་། ལྷག་པར་དུ་དབུལ་ཕྱུག་གི་བར་ཁྱད་ཆེན་པོའི་དཀའ་ངལ་དེ་རིགས་སེལ་ཐབས་དང་འདྲ་མཉམ་བཟོ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་། ད་དུང་འཛམ་གླིང་དེའི་ནང་གནམ་གཤིས་ཧ་ཅང་གི་འགྱུར་ལྡོག་ཆེན་པོ་འགྲོ་བ་དང་རང་བྱུང་གནོད་འཚེ་མང་དུ་འགྲོ་བར་བརྟེན་ནས་ང་ཚོས་ངེས་པར་དུ་རང་བྱུང་ཁམས་དང་ཁོར་ཡུག་ལ་བདག་སྐྱོང་དང་གཅེས་སྐྱོང་བྱ་རྒྱུ་གལ་ཆེ་ཞིང་། དེ་ནི་འགྲོ་བ་མིའི་འཚོ་གནས་དང་འབྲེལ་བ་དམ་ཟབ་དང་འགྲོ་བའི་ཁྱིམ་ཚང་ཡང་དེ་ཡིན་པ་རེད་ཅེས་བཀའ་སློབ་བསྩལ་གནང་ཡོད་པ་རེད།   

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎