༧གོང་ས་མཆོག་གིས་ཝེ་ཏི་ནམ་གྱི་དད་ལྡན་པ་ཚོར་བཀའ་སློབ།


2017.05.31
༧གོང་ས་མཆོག་གིས་ཝིཡེཏ་ནམ་གྱི་དད་ལྡན་པ་ཚོར་བཀའ་སློབ་གནང་སྐབས། ༢༠༡༧།༥།༣༠ ༧གོང་ས་མཆོག་གིས་ཝིཡེཏ་ནམ་གྱི་དད་ལྡན་པ་ཚོར་བཀའ་སློབ་གནང་སྐབས། ༢༠༡༧།༥།༣༠
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧རྒྱལ་བའི་ཕོ་བྲང་ནང་ཝིཡེཏ་ནམ་གྱི་དགེ་འདུན་པ་དང་། ཚོང་པ། སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་མི་གྲངས་བརྒྱ་ཕྲག་བརྒལ་བར་བཀའ་སློབ་སྩལ་འདུག
དེ་ཡང་ཝིཡེཏ་ནམ་གྱི་ཚོང་ལས་འགན་འཛིན་ལས་གྲུབ་པའི་ཚོགས་པ་ཞིག་གིས་ཇི་ལྟར་གསོལ་འདེབས་ཐོག་ནས་གོ་སྒྲིག་ཞུས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཝེ་ཏི་ནམ་གྱི་དགེ་འདུན་པ་དང་། ཚོང་པ། སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་ལ་ཆོས་ལུགས་ལ་མ་བསྟན་པའི་སྤྱོད་བཟང་སྐོར་ལ་བཀའ་སློབ་དང་ཁོང་ཚོའི་དྲི་བར་ལན་འདེབས་སོགས་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ལ་ཞི་བདེ་ཡོད་ཚེ་ལུས་ལ་ན་ཚའི་ཚོར་བ་མི་ཡོང་བ་ལྟ་བུ་དཔེ་མཚོན་དང་སྦྲགས། སེམས་ཁྲལ་དང་ཁོང་ཁྲོ། ང་རྒྱལ་དང་ཕྲག་དོག་བཅས་ཀྱིས་མ་སྐྱིད་པ་བྱས་ཏེ་བསྡད་པ་ཡིན་ན། མཐུན་རྐྱེན་འཛོམས་ནས་ཉལ་བསྡད་ཡོད་ནའང་གཉིད་མི་ཁུག་པ་དང་། གང་ལྟར་ལུས་ཀྱི་ཚོར་བ་བདེ་བ་དེས་སེམས་ཀྱི་སྡུག་བསྔལ་ཟིལ་གྱིས་གནོན་མི་ཐུབ་པ་ཧ་ཅང་གསལ་པོ་རེད། སེམས་ལ་ཞི་བདེ་ཡོད་ཚེ་ལུས་ཀྱི་བདེ་ཐང་ལ་ཡང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་། དེ་བཞིན་ཚན་རིག་པ་ཚོས་ཀྱང་སེམས་ལ་ཞི་བདེ་ཡོད་ཚེ་ལུས་པོའི་འབྱུང་བ་སྙོམས་ནས་བདེ་ཐང་ལ་ཧ་ཅང་ཕན་གྱི་ཡོད་སྐོར་བརྗོད་བཞིན་ཡོད་པ་སོགས་བཀའ་སློབ་ཕེབས་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་། སེམས་ཀྱི་ཞི་བདེ་ཞེས་པ་ནི་ཆོས་ཀྱི་སྐད་ཆ་ཙམ་མིན་པར། དངོས་ཡོད་གནས་ཚུལ་ལ་མི་ལ་བདེ་སྐྱིད་དགོས་ཚེ་སེམས་ཀྱི་བདེ་སྐྱིད་དགོས་པ་གལ་ཆེན་པོ་ཆགས་པར་བརྟེན་ད་ལྟ་འཛམ་གླིང་འདིར་ཡོད་པའི་ཤེས་ཡོན་སྤྲོད་སྟངས་དེས་འདང་གི་མེད་པ་བཀའ་གནང་ཞིང་།  དེང་དུས་ཤེས་ཡོན་ལམ་ལུགས་ནི་ཕྱི་དངོས་པོའི་ཡར་རྒྱས་ཁོ་ན་ལ་དམིགས་པ་ཞིག་ཆགས་ཡོད་པ་དང་།  དངོས་པོ་ཡར་རྒྱས་ཁོ་ནར་འབྲེལ་བའི་ཤེས་ཡོན་ཐོག་ནས་ཐོན་པའི་མི་དེ་ཡར་སླེབས་ཡོང་སྐབས་མི་ཚེ་གང་བོར་ཕྱི་དངོས་པོ་གཙོ་བོར་བྱེད་མཁན་ཞིག་ཆགས་ཀྱི་ཡོད་པ་སོགས་བཀའ་སློབ་སྩལ་འདུག
ཡང་སྐབས་དེར་༧གོང་ས་མཆོག་གིས་ཝིཡེཏ་ནམ་ནས་བཞུགས་སྒར་རྡ་སར་བཅར་མཁན་དང་། དེ་བཞིན་ཝེ་ཏི་ནམ་གྱི་ས་ཁུལ་གསུམ་དུ་དྲ་ཐོག་བརྒྱུད་ཐད་གཏོང་བཀའ་སློབ་ལ་གསན་གཟིགས་ཞུ་མཁན་ཁྲོད་ནས་ཁག་གཅིག་གིས་ཚོང་བརྒྱབ་པ་དང་མཉམ་དུ་ནང་པའི་ཆོས་ཉམས་ལེན་ཇི་ལྟར་བྱ་དགོས་པ་དང་། ཚོང་པས་འདོད་རྔམ་བྱེད་པ་དང་ནང་ཆོས་ནང་དུ་འདོད་ཆུང་ཆོག་ཤེས་གསུང་བཞིན་པའི་འགལ་ཟླ་ཇི་ལྟར་སེལ་ཐབས། དེ་བཞིན་རྡུལ་ཕྲན་གྱི་སྐོར་དང་། སྤྱི་ཚོགས་ནང་བླ་མ་རྫུན་མ་དང་རྨོངས་དད་ཤུགས་ཆེན་པོ་ཡོད་པའི་གནས་སྟངས་བཅས་ཀྱི་ཐད་ལ་དགོངས་ཚུལ་གང་ཡོད་ཀྱི་བཀའ་འདྲིར་བཀའ་ལན་སྩལ་ཡོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎