༧གོང་ས་མཆོག་ནོར་ཝེ་ལ་ཕེབས་ནས་མཛད་འཆར་སྐྱོང་བཞིན་པ།


2015.02.09
༧གོང་ས་མཆོག་གིས་སུས་སི་ནང་མཛད་འཕྲིན་སྐྱོང་བཞིན་པ། ༢༠༡༥།༢།༧ ༧གོང་ས་མཆོག་གིས་སུད་སི་ནང་མཛད་འཕྲིན་སྐྱོང་བཞིན་པ། ༢༠༡༥།༢།༧
སྐུ་སྒེར་དྲ་བ

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་ཝེ་དང་Denmarkནང་ཚེས་༡༣བར་མཛད་འཆར་འདྲ་མིན་སྐྱོང་རྒྱུ་ཡིན་པ་རེད།

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནོར་ཝེ་རྒྱལ་སྤྱིའི་སློབ་ཕྲུག་དགའ་སྟོན་ཚོགས་པས་གསོལ་འདེབས་ཞུས་པ་བཞིན། དེ་རིང་ཚེས་༩་ཉིན་ནོར་ཝེ་ཡི་Trondheimགྲོང་ཁྱེར་ནང་ཆིབས་བསྒྱུར་བསྐྱངས་ཏེ་དེར་ཡོད་སློབ་ཕྲུག་༤༥༠་ཙམ་ཁྲོད་དུ་ལྐོག་ཟ་རུལ་སུངས་མེད་པའི་མ་འོངས་པའི་མདུན་ལམ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་བསྐྱངས་གནང་ཡོད་པ་རེད། ད་རེས་Norwayནང་ཆིབས་བསྒྱུར་བསྐྱང་གནང་རྒྱུན་རིང་དེར་ཡོད་བོད་མི་དང་། འབར་མའི་མི་རིགས། དེ་བཞིན་ཤི་རི་ལང་གའི་མི་རིགས། ཝེ་དི་ནམ་གྱི་ནང་པ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་འདུག
དེ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Denmarkགི་རྒྱལ་ས་Copenhagen ནང་ཡོད་པའི་ཕན་བདེ་གླིང་བོད་པའི་ནང་པའི་ཆོས་ཚོགས་དང་། བོད་པའི་རིག་གཞུང་གི་ཆེད་དུ་Denmarkམི་རིགས་ཀྱི་སྤྱི་ཚོགས་ཞེས་པ་སོགས་ཚོགས་པ་ཁག་ཅིག་གིས་གསོལ་འདེབས་ཞུས་གནང་བ་བཞིན་ཚེས་༡༠་ཉིན་Denmarkགི་རྒྱལ་ས་Copenhagen ནང་ཆིབས་བསྒྱུར་བསྐྱང་གནང་སྟེ་ཚེས་༡༡་ཉིན་རྒྱལ་ས་Copenhangenནང་ཡོད་པའི་Bella Centreཞེས་པའི་ཚོགས་ཁང་ཆེན་མོའི་ནང་བྱམས་བརྩེ་དང་འབྲེལ་བའི་སྐོར་མི་མང་ལ་བཀའ་སློབ་བཀྲིན་བསྐྱང་གནང་རྒྱུ་དང་། དེ་ནས་ཚེས་༡༢་ཉིན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་སྩལ་གནང་རྒྱུ་ཡིན་པ་རེད། དེ་ག་ནང་བཞིན་ཚེས་༡༡་ཉིན་Norwayནང་ཆོས་ལུགས་འདྲ་མིན་གྱི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་དང་། ཚེས་༡༢་ཉིན་Danmark གི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎