ཆོས་ལ་རྨོངས་དད་བྱས་ནས་འགྲོ་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན་པ་རེད།


2015.07.29
༧གོང་ས་མཆོག་འཇམ་དབྱངས་སློབ་གྲར་ཆིབས་བསྒྱུར་གནང་སྐབས། ༢༠༡༥།༧།༢༨ ༧གོང་ས་མཆོག་ལ་དྭགས་འཇམ་དབྱངས་སློབ་གྲར་ཆིབས་བསྒྱུར་གནང་སྐབས། ༢༠༡༥།༧།༢༨
Tenzin Choejor/OHHDL

༧གོང་ས་མཆོག་གིས་ལ་དྭགས་སུ་སྐྱ་སེར་ཕོ་མོ་ཚང་མས་ནང་ཆོས་སློབ་གཉེར་གནང་སྟེ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་སྐོར་བཀའ་གནང་བ།
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་༢༧་ཉིན་ནས་བཟུང་ལ་དྭགས་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་བཞིན་པ་ལྟར། ཁ་ས་ལ་དྭགས་རྒྱལ་ས་སླེ་ཡི་ཇོ་ཁང་ལ་གནས་གཟིགས་ཕེབས་པ་དང་། འཇམ་དབྱངས་སློབ་གྲའི་ནང་དགེ་ལས་སློབ་ཕྲུག་དང་མང་ཚོགས་༧༠༠༠་ལྷག་ལ་ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་བཀའ་སློབ་བཀྲིན་ཆེ་གནང་མཛད་པ་རེད། ༧གོང་ས་མཆོག་སླེ་ལ་ཡོད་པའི་ཇོ་ཁང་ལ་གནས་གཟིགས་མཛད་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ས་གནས་ཀྱི་ཆེས་མཐོའི་མི་སྣ་ཁག་ལྷན་བཅར་ཞུས་འདུག་ཅིང་། སྐབས་དེར་༧གོང་ས་མཆོག་གིས་གཙུག་ལག་ཁང་ནང་གི་བཀའ་འགྱུར་དང་བསྟན་འགྱུར་གྱི་གླེགས་བམ་རྣམས་མཆོད་རྫས་ཙམ་ལ་མ་བཞག་པར་གསུང་རབ་དེ་དག་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པ་དང་། སེར་མོ་བ་ཙམ་མིན་པར་སྐྱ་བོ་ཚོས་ཀྱང་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་བཀའ་སྩལ་གནང་མཛད་འདུག
དེ་ནས་༧གོང་ས་མཆོག་འཇམ་དབྱངས་སློབ་གྲར་ཆིབས་བསྒྱུར་བསྐྱངས་ནས་ཐོག་མར་སློབ་གྲ་དེའི་བོུའི་ཉལ་ཁང་གསར་རྒྱག་ལེགས་གྲུབ་ཟིན་པ་དེ་དབུ་འབྱེད་རབ་གནས་མཛད་པ་དང་། རྗེས་སུ་༧གོང་ས་མཆོག་ནས་ད་རེས་༧མགོན་པོ་གང་ཉིད་ལ་དྭགས་ནང་ཆིབས་བསྒྱུར་བསྐྱངས་དོན་གཙོ་བོ་ནི་དཔེ་ཐུབ་དགོན་པས་ཕར་ཕྱིན་དབྱར་ཆོས་ཆེན་མོར་ཆིབས་བསྒྱུར་བསྐྱངས་གནང་ཡོང་བ་དང་། ཁྲི་རིན་པོ་ཆེ་མཆོག་ནས་ཀྱང་དེ་བཞིན་རེ་འདུན་གནང་བ་བཞིན་ཕེབས་པ་ཡིན་སྐོར་དང་། དེ་ནས་ནང་ཆོས་ཚན་རིག་སྐོར་བཀའ་སྩལ་སྐབས་ནང་པའི་སངས་རྒྱས་པའི་ཆོས་མ་ཤེས་པར་དེར་རྨོངས་དད་བྱས་ནས་འགྲོ་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན་པ་རེད། སྟོན་པ་བཅོམ་འདས་ཀྱིས་དོན་དམ་གྱི་གནད་ལུགས་ལ་དཔྱད་པ་མཛད་ནས་མཐར་ཀུན་བྱུང་བདེན་པ་གསུངས་ཡོད། ཤེས་པ་དང་ལྷག་པར་ཉོན་མོང་པའི་བློའི་རྣམ་གཞག་སྐོར་ཞིབ་ཕྲ་གསུངས་ཡོད་ཅེས་སོགས་བཀའ་སློབ་བསྩལ་ཏེ་སྐྱ་སེར་ཕོ་མོ་ཚང་མས་ནང་ཆོས་སློབ་གཉེར་གནང་སྟེ་དུས་རབས་༢༡་པའི་ནང་པ་བྱེད་སྐོར་བཀའ་སློབ་སྩལ་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎