བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་ལྡི་ལིའི་མཛད་འཆར་དང་བསྟུན་ལྡི་ལིར་སྨན་པ་བགྲེས་པ་ཁག་ཅིག་དང་ལྷན་དུ་སྐུའི་འཕྲོས་བཞེས་སྐོར་དགོངས་ཚུལ་བརྗེ་རེས་གནང་རྗེས་སྐུའི་འཕྲོས་བཞེས་གང་ལེགས་ཡོད་པ་གསུང་ཡོད་འདུག
དེ་ཡང་སྤྱི་ལོ་༢༠༡༩ སྤྱི་ཟླ་༦ ཚེས་༡༣ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལིའི་ཨིམ་སི་སྨན་ཁང་དུ་ཆིབས་སྒྱུར་གྱིས་སྨན་ཁང་དེའི་སྨན་པ་རྒན་གྲས་ཚོ་དང་ལྷན་དུ། བར་ལམ་སྐུའི་འཕྲོད་བཞེས་ཀྱི་རྟག་དཔྱད་བྱས་པའི་བབ་དང་དེ་དོན་དགོངས་ཚུལ་བརྗེ་རེས་བྱས་པ་ཙམ་ལས་གཞན་བརྟག་དཔྱད་སོགས་འཕར་མ་གང་ཡང་གནང་ཡོད་མ་རེད་ཅེས་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་ནས་གསུང་སོང་།
༧གོང་ས་སྐྱབས་མགོན་པོ་མཆོག་ཨེམ་སི་སྨན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དེ་ནི་གཙོ་བོ་རྒྱ་གར་གཞུང་གི་ངོས་ནས་མ་འོངས་པར་༧གོང་ས་མཆོག་གི་སྐུའི་གཟུགས་འཕྲོད་བཞེས་ཀྱི་བརྟག་དཔྱད་གནང་དགོས་བྱུང་ཚེ་ཨེམ་སི་སྨན་ཁང་དེ་གར་གྲ་སྒྲིག་ཆ་ཚང་ཞུ་རྒྱུའི་ཆེད་དུ་ཡིན་པ་རེད་འདུག
ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས། ༧གོང་ས་མཆོག་གི་སྐུ་གཟུགས་གནས་སྟངས་གང་ལེགས་ཡོད་པའི་ཐོག་འདི་ཚེས་༡༤ཉིན་འདི་གར་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་མོལ་གྱི་མཛད་རིམ་ཡང་ཡོད་པ་གསུང་གནང་སོང་།
༧གོང་ས་མཆོག་ཕྱི་ཚེས་བཅུ་གཉིས་ཉིན་ལྡི་ལིར་ཆིབས་བསྒྱུར་གནང་བ་དང་། མཛད་འཆར་གཙོ་བོ་ནི་ཕྱི་ཚེས་༡༥ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ལ་དྭགས་ཁ་ཆེའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཁ་ཆེའི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ཆེད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་ཆེན་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད།
His Holiness the Dalai Lama visited All India Medical Institute met with senior doctors to discuss the medical analysis of His Holiness' health.ཕྱི་ལོ་ ༢༠༡༩ སྤྱི་ཟླ་༦ ཚེས་༡༣ ཉིན་གྱི་ཞོགས་པར་སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིའི་ཨེམསྀ་གཞུང་གི་སྨན་ཁང་དུ་བར་ལམ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཐོག་བརྟག་དཔྱད་ཞུས་པའི་གནད་དོན་ཐད་བཀའ་བསྡུར་གནང་ཞིང་། དམིགས་བསལ་སྐུ་གཟུགས་བརྟག་དཔྱད་གང་ཡང་ཞུས་མེད་པ་དང་། ༧སྐུ་ཁམས་གསལ་དྭངས་སུ་ཕེབས་ཡོད་པ་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་པ། His Holiness the Dalai Lama visited All India Medical Institute met with senior doctors to discuss the medical analysis of His Holiness' health.
Posted by Rfa Tibetan on Thursday, June 13, 2019