༧གོང་ས་མཆོག་གིས་ཨེ་ཊ་ལིའི་མི་དམངས་ལ་ཐུགས་གསོ་གནང་བ།


2016.08.30
ཨེ་ཊ་ལིའི་རྒྱལ་ཁབ་ནང་ས་ཡོམ་ཀྱི་གནོད་ཐེབས་ས་ཁུལ་(Amatrice)༢༠༡༦།༨།༢༥ ཨེ་ཊ་ལིའི་རྒྱལ་ཁབ་ནང་ས་ཡོམ་ཀྱི་གནོད་ཐེབས་ས་ཁུལ་(Amatrice)༢༠༡༦།༨།༢༥
AFP

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཆེན་པོ་མཆོག་གིས་ཨེ་ཊ་ལིའི་རྒྱལ་ཁབ་ནང་ས་ཡོམ་ཀྱི་གནོད་སྐྱོན་བྱུང་བར་ཐུགས་ཕམ་ངང་གནོད་སྐྱོན་ཕོག་མཁན་ཨཝ་ཊ་ལིའི་མི་དམངས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ནས་གདུང་སེམས་མཉམ་བསྐྱེད་ཞུས་གནང་འདུག
དེ་ཡང་ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༢༤་རེས་གཟའ་ལྷག་པའི་ཉིན། ཨེ་ཊ་ལིའི་(Amatrice)་ཟེར་བའི་གྲོང་གསེབ་དེ་གཙོ་བོར་གྱུར་བའི་ས་ཁུལ་ཁག་གཅིག་ནང་ས་ཡོམ་འགུལ་ཚད་རིམ་པ་༦་བྱས་པ་ཞིག་བརྒྱབ་སྟེ། ད་བར་ཁྱོན་མི་གྲངས་༢༩༠་ལྷག་འདས་གྲོངས་སུ་གྱུར་བ་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་བཏང་ཡོད་པ་མ་ཟད། ད་དུང་སྡོད་ཁང་ཧ་ཅང་མང་པོ་ཞིག་རལ་དུ་འགྱུར་ཡོད་པས། དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་ཨེ་ཊ་ལིའི་སྲིད་བློན་(Matteo Renzi)་མཆོག་གི་མཚན་ཐོག་ཏུ་ས་ཡོམ་གྱི་གནོད་འཚེ་ཕོག་མཁན་ཨེ་ཊ་ལིའི་མི་དམངས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་ཡོད་པ་དང་། ༧གོང་ས་མཆོག་གིས། ད་རེས་ཨེ་ཊ་ལིའི་དབུས་སུ་བྱུང་བའི་གནོད་འཚེ་ཆེ་བའི་ས་ཡོམ་གྱི་གོད་ཆག་དེའི་ཁྲོད་མི་མང་པོའི་ཚེ་སྲོག་ཤོར་བ་དང༌། རྨས་སྐྱོན་ཕོག་མཁན་མང་པོ་བྱུང་ཡོད་པ་མ་ཟད་། ད་དུང་ཁང་ཁྱིམ་དང་རྒྱུ་ནོར་ལ་གོད་ཆགས་ཆེན་པོ་ཕོག་པའི་གནས་ཚུལ་གོ་ཐོས་བྱུང་ཞིང་བློ་ཕམ་བྱུང་ལ། ངས་སྲིད་བློན་མཆོག་དང་གོད་ཆག་འོག་འདས་གྲོངས་སུ་སོང་བ་ཚོའི་ནང་མི་དང་དགའ་ཉེ་གྲོགས་པོ་བཅས་ལ་ཐུགས་གསོའི་འཚམས་འདྲི་ཞུ་བཞིན་ཡོད་ཅེས་གསུང་འཕྲིན་གནང་འདུག
གཞན་ཡང་༧གོང་ས་མཆོག་གིས། ཨེ་ཊ་ལིའི་མི་དམངས་ལ་གདུང་སེམས་མཉམ་སྐྱེས་ཞུ་ཆེད་དང་། ས་ཡོམ་ཀྱི་གནོད་འཚེའི་དཀའ་སྡུག་འོག་གནས་པ་ཚོ་མྱུར་སྐྱོབ་དང་ཁོང་ཚོར་རོགས་སྐྱོར་གནང་ཆེད་དུ། ༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་ཐེབས་རྩ་ཁང་ལ་རོགས་རམ་མཁོ་འདོན་གནང་དགོས་པའི་བཀའ་ཡང་གནང་ཡོད་པའི་སྐོར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནས་ཚུལ་སྤེལ་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎