༧གོང་ས་མཆོག་གིས་ཅུང་སྐུ་ངལ་བྱུང་བ་ལས་བདེ་ཐང་ཡིན་པ་གསུངས་འདུག


2019.01.04
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་སྐབས། ༢༠༡༩།༡།༤ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་སྐབས། ༢༠༡༩།༡།༤
RFA

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་གཅིག་ཙམ་རིང་ཕྱི་ཕྱོགས་ས་མཛད་འཕྲིན་བསྐྱངས་རྗེས་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པ།
བོད་ཀྱི་བླ་ན་མེ་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་༢༠༡༨ ཟླ་༡༢ ཚེས་༢ ནས་བཟུང་རྒྱ་གར་བྱང་ཕྱོགས་ཨུ་ཏར་མངའ་སྡེ་སངྐེ་སའམ་ལྷ་བབས་ཀྱི་གནས་སུ་ཆོས་འབྲེལ་དང་། དེ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི། ནུབ་ཕྱོགས་མངའ་སྡེ་མ་ཧཱ་རཤྟྲཱའི་གྲོང་ཁྱེར་མུམ་བྷེ་དང་། དེ་རྗེས་གནས་མཆོག་རྡོར་རྗེ་གདན་བཅས་ཀྱི་ནང་ཟླ་བ་གཅིག་ཙམ་རིང་རླབས་ཆེན་གྱི་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་མཛད་རྗེས་ཕྱི་ལོ་༢༠༡༩ ཟླ་༡་ཚེས་༤་ཉིན་ལྡི་ལི་ནས་རྡ་རམ་ས་ལའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཅིང་། གནམ་ཐང་དུ་བཅར་བའི་གསར་འགོད་པ་ཚོར། ཟླ་བ་གཅིག་ལྷག་ཙམ་རིང་གི་ཆིབས་བསྒྱུར་མཛད་འཆར་ཡིན་སྟབས་དུས་ཡུན་ཕྲན་བུ་རིང་དྲག་པའི་རྐྱེན་གྱིས་ཅུང་སྐུ་ཐང་མཉེལ་བ་དང་།  རྡོ་རྗེ་གདན་དུ་བཤལ་སྐྱུག་ཀྱི་ནད་ཡམས་ཤིག་བྱུང་བ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡང་གསོལ་གྲོད་བཤལ་སྐྱུག་གི་རྣམ་པ་ཕྲན་བུ་བྱུང་བ་ལས་ད་ལྟ་སྐུ་ཁམས་གསལ་དངས་ཡིན་པ་བཀའ་གནང་ཡོད་པ་རེད།
འབྱུང་འགྱུར་གཟའ་འཁོར་འགའ་ཤས་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་མཚམས་སུ་ཞུགས་འཆར་དང་སྐུ་ལྷོད་ཞུགས་མཛད་རྒྱུ་ལས་མཇལ་ཁ་སོགས་གང་ཡང་གཏོང་རྒྱུ་མིན་པ་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་གནང་ཡོད་པ་རེད།

གསར་འགོད་པ་ཨྱོན་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎