༸གོང་ས་མཆོག་གིས་སྦི་རཱ་ཛིལ་གྱི་སྲིད་འཛིན་གསར་པར་འཚམས་འདྲིའི་གསུང་འཕྲིན་སྩལ་བ།

2023.01.02
༸གོང་ས་མཆོག་གིས་སྦི་རཱ་ཛིལ་གྱི་སྲིད་འཛིན་གསར་པར་འཚམས་འདྲིའི་གསུང་འཕྲིན་སྩལ་བ། སྦི་རཱ་ཛིལ་གྱི་སྲིད་འཛིན་གསར་པ་སྐུ་ཞབས་Lula da Silvaདང་༸གོང་ས་མཆོག
སྒྲིག་བཟོ།

ལྷོ་ཨ་མི་རི་ཀའི་སྦི་རཱ་ཛིལ་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པ་Lula da Silvaལགས། སྦི་རཱ་ཛིལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲི་རབས་༣༩ལ་བཞུགས་ཏེ་སྤྱི་ཟླ་༡ཚེས་༡ཉིན་སྲིད་འཛིན་ལས་ཁུར་གྱི་དམ་འབུལ་ཞུས་ཡོད་པར། བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་བཀྲ་ཤིས་རྟེན་འབྲེལ་གྱི་བཀའ་ཡིག་ཅིག་སྩལ་ཡོད་པའི་ནང་། "སྲིད་འཛིན་ཁོང་གིས་མི་ཉམ་ཐག་ཚོ་བཀྲེས་སྐོམ་གྱིས་མནར་བཞིན་པ་དང་། དབུལ་ཕྱུག་གི་ཧེ་བག་ཡོད་པ་རྩ་མེད་བཟོ་རྒྱུ། དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཐོག་འབད་བརྩོན་དང་། དམིགས་བསལ་སྐྱེ་ཁམས་ཁོར་ཡུག་སྤྱི་དང་བྱེ་བྲག་ཨེ་མ་ཛོན་ནགས་ཚལ་སྲུང་སྐྱོབ་སོགས་ལ་ཆོད་སེམས་བརྟན་པོ་ཡོད་པར། མགོན་པོ་གང་ཉིད་ཀྱིས་རྗེས་སུ་ཡི་རང་ཆེན་པོ་ཡོད་”པའི་བཀའ་སྩལ་གནང་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ནས་མུ་མཐུད་དེ་འགྲེལ་བརྗོད་གནང་ན། ༸གོང་ས་མཆོག་སྦི་རཱ་ཛིལ་རྒྱལ་ཁབ་ནང་ཐེངས་ཁ་ཤས་ཆིབས་བསྒྱུར་གནང་མྱོང་ཡོད་པ་དང་། ཡུལ་དེའི་མི་རྒན་གཞོན་བར་གསུམ་མང་པོས་༸གོང་ས་མཆོག་ཉིད་ཀྱི་དགོངས་པ་འགྲོ་བ་མིའི་ཡོན་ཏན་གོང་འཕེལ་དང་སེམས་བཟང་པོ་ཡོང་ཐབས། འགྲོ་བ་མི་ཕན་ཚུན་གྱི་བདེ་སྡུག་ལ་ལྟ་རྟོག་སོགས་ཀྱི་ཐད། དོ་ཁུར་ཐུགས་སྣང་གནང་བཞིན་པར་༸གོང་ས་མཆོག་གིས་ཡི་རང་ཆེན་པོ་གནང་གི་ཡོད་པ་བཀའ་ཡིག་ཏུ་འཁོད་ཡོད་པ་འགྲེལ་བརྗོད་གནང་སོང་།

ལྷོ་ཨ་མི་རི་ཀ་གླིང་ཆེན་གྱི་རྒྱལ་ཁབ་ཆེ་ཤོས་གྲས་སྦི་ར་ཛིལ་གྱི་སྲིད་འཛིན་གསར་པ་Lula da Silvaལགས་ནི། སྤྱི་ལོ་༡༩༤༥ལོར་འཁྲུངས་པའི་ལྕགས་བཟོ་ཆེད་ལས་པ་ཞིག་ཡིན་པ་དང་། རིམ་པས་སྦི་ར་ཛིལ་རྒྱལ་ཁབ་ཀྱི་བཟོ་པ་ཚོགས་པའི་ཚོགས་མི་གནང་སྟེ་ཆབ་སྲིད་ལས་དོན་དུ་ཞུགས་པ་ནས་བཟུང་། སྤྱི་ལོ་༢༠༠༣ནས་༢༠༡༠བར་སྦི་ར་ཛིལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲི་རབས་༣༥པ་གནང་ཡོད་པ་མ་ཟད། ད་ལན་བསྐྱར་དུ་སྲིད་འཛིན་ཁྲི་རབས་༣༩ལ་བདམས་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎