བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཁོང་ཁྲོ་ནི་མིག་ལོང་བ་ལྟབུ་ཡིན་པས་ནམ་ཡང་བྱམས་བརྩེ་ལྡན་པའི་ཁོར་ཡུག་བསྐྲུན་གལ་ཆེ་བ་བཀའ་སྩལ་འདུག
འདི་ཟླའི་ཚེས་༡༢་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་། དམིགས་བསལ་མཇལ་ཁ་སྩལ་གནང་མཛད་པའི་རྒྱ་གར་གྱི་ནང་མི་ཞིག་གི་ཁྲོད་ནས་བུ་མོ་ཞིག་གིས་གཞན་ལ་གནོད་པ་བྱེད་མཁན་དེ་ལ་བྱམས་བརྩེ་ཇི་འདྲ་བྱེད་དགོས་མིན་བཅའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། མི་དེ་འདྲར་ང་ཚོས་སློབ་གསོ་སྤྲོད་དགོས་པ་དང་། ནམ་ཞིག་ཡག་པོ་ཆགས་སྲིད། དཔེར་ན། མི་གཞན་ཞིག་དང་འཁྲུག་པ་ཤོར་པ་ཡིན་ན་རང་ཉིད་ཁ་བཙུམ་ནས་བསྡད་ཚེ་ཉིན་རྗེས་མའམ་ཡང་ན་བདུན་ཕྲག་རྗེས་མར་མི་འཁྲུག་པ་ཤོར་ས་དེ་དང་རང་ཉིད་ག་དུས་ཡིན་ནའི་གྲོགས་པོ་གྲོགས་མོ་ཡག་ཤོས་དེ་ཆགས་སྲིད་པ་རེད་དཀའ་ངལ་ཆུང་ཆུང་ཞིག་འཕྲད་པའི་སྐབས་སུ་འཕྲལ་དུ་ཁོང་ཁྲོ་དྲག་པོ་ལང་པ་ཡིན་ན་མ་འོངས་པར་གནས་ཚུལ་བཟང་པོ་ཞིག་ཡོང་སྲིད་པ་དེ་དག་ཚང་མ་གཏོར་བཤིག་གཏོང་གི་ཡོད་སྟབས་རང་ཉིད་ཀྱི་རིག་སྟོབས་དང་ཤེས་བྱ། བྱམས་བརྩེ་བེད་སྤྱོད་བྱེད་དགོས་པའི་བཀའ་སྩལ་གནང་མཛད་པ་མ་ཟད། ཁོང་ཁྲོ་ནི་མིག་ལོང་བ་ལྟ་བུ་ཡིན་པ་དང་ཁོང་ཁྲོས་ཟུར་གཅིག་རང་ནས་བལྟས་པ་མ་གཏོགས་
་ཕྱོགས་ཚང་མའམ་གཅིག་ལ་གཅིག་བརྟེན་སྐོར་བལྟ་ཡི་ཡོད་མ་རེད། གལ་ཏེ་ཁྱེད་རང་དང་རང་གི་ཁྱིམ་མཚེས་གཉིས་འཁྲུག་པ་ཤོར་པ་སོགས་དཀའ་ངལ་བྱུང་ན་ཡང་བསམ་བློ་རྒྱ་ཆེ་ས་ནས་བཏང་བ་ཡིན་ན། ཁྱེད་རང་ཁྱིམ་མཚེས་དང་མཉམ་ཞིབ་བྱས་ནས་སྡོད་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་མ་འོངས་པར་གྲོགས་པོ་གྲོགས་མོ་ཡག་པོ་ཞིག་ཆགས་པའི་གནས་ཚུལ་བཟང་པོ་ཡོང་སྲིད་པ་དེ་སྒོ་ཕྱེ་ནས་འཇོག་དགོས་སྐོར་སོགས་བཀའ་སློབ་སྩལ་འདུག
Reacting to Harm with CompassionReacting to Harm with Compassion - His Holiness the Dalai Lama's answer to a young woman's question of how to be compassionate to those who do harm during their meeting at his residence in Dharamsala, HP, India on July 12, 2019.
Posted by Dalai Lama on Saturday, July 13, 2019