རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན།


2015.01.28
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་UP་མངའ་སྡེའི་ནང་ཡོད་པའི་སྒེར་གྱི་གཞི་རིམ་སློབ་གྲྭ་DAVལ་ཕེབས་སྐབས། ༢༠༡༥།༡།༢༧ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་UP་མངའ་སྡེའི་ནང་ཡོད་པའི་སྒེར་གྱི་གཞི་རིམ་སློབ་གྲྭ་DAVལ་ཕེབས་སྐབས། ༢༠༡༥།༡།༢༧
སྐུ་སྒེར་དྲ་བ

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་གསུངས་འདུག
དེ་ཡང་ཕྱི་ཚེས་༢༧ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་Utter Pradeshམངའ་སྡེའི་གྲོང་ཁྱེར་Gaziabadརྟེན་གཞི་བྱས་པའི་DAV Schoolསློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དགེ་ལས་སློབ་ཕྲུག་གྲངས་༣༥༠༠བརྒལ་བར་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་སྐོར་ལམ་སྟོན་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད་ཡོད་པ་རེད། ༧གོང་ས་མཆོག་གིས་སློབ་གྲའི་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་གསུངས་བཤད་ཀྱི་ཞོར་དུ་གསར་འགོད་པའི་འདྲི་བར་བཀའ་ལན་མཛད་གནང་ཡོད་འདུག གསར་འགོད་པ་ཞིག་ནས་ རྒྱ་ནག་ཐོག་༧གོང་ས་མཆོག་གི་གཟིགས་ཕྱོགས་བཅར་འདྲི་ཞུས་པར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དེ་བཞིན་ལོ་རྒྱུས་རིང་པོ་ཡོད་པ་དང་། རིག་གཞུང་ཕྱུག་པོ། ཧུར་བརྩོན་ཅན་གྱི་མི་རིགས་ཤིག་གི་ཆ་ནས་རླབས་ཆེན་གྱི་རྒྱལ་ཁབ་ཅིག་དང་འཛམ་གླིང་ཐོག་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པར་བསྔགས་བརྗོད་ཞུ་གིན་ཡོད་ཅེས་དང༌། ཡང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐོག་བཅར་འདྲི་ཞུས་པའི་བཀའ་ལན་དུ། ༧གོང་ས་མཆོག་གིས། རྒྱ་གར་དང་རྒྱ་ནག་གཉིས་འཛམ་གླིང་ཐོག་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་དང་། ཁྱིམ་ཚེས་རྒྱལ་ཁབ་ཀྱང་ཡིན་སྟབས་ཕན་ཚུན་དབར་མཛའ་འབྲེལ་ཡག་པོ་དགོས་ཡས་དེ་བོད་ཀྱི་གནད་དོན་ཙམ་མ་ཟད། ཨེ་ཤེ་ཡ་སྤྱི་ཡོངས་ལ་གནད་འགག་ཆེན་པོ་ཆགས་ཡོད་ཀྱི་ཅེས་གསུངས་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎