བོད་མི་ཚོས་བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་ཐུབ་པ་གནང་དགོས།


2015.06.15
༧གོང་ས་མཆོག་ཨའོསི་ཊརེ་ལི་ཡའི་གདོད་མའི་མི་རིགས་གནས་ཁུལ་ཨུ་ལུ་རུ་Uluruལ་ཕེབ་སཔ། ༢༠༡༥།༦།༡༣ ༧གོང་ས་མཆོག་ཨའོསི་ཊརེ་ལི་ཡའི་གདོད་མའི་མི་རིགས་གནས་ཁུལ་ཨུ་ལུ་རུ་Uluruལ་ཕེབ་སཔ། ༢༠༡༥།༦།༡༣
ར་ལོ་དོན་ལྡན། /RFA

༧གོང་ས་མཆོག་ཨའོསི་ཊརེ་ལི་ཡའི་གདོད་མའི་མི་རིགས་གནས་ཡུལ་ལ་ཕེབས་ནས་མི་མང་སྟོང་ཕྲག་བརྒལ་བར་བཀའ་སློབ་གནང་བ།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨའོསི་ཊརེ་ལི་ཡའི་གདོད་མའི་མི་རིགས་གནས་ཁུལ་ཨུ་ལུ་རུ་(Uluru)ནས་Perth Arenaཕྱོགས་སུ་ཆིབས་བསྒྱུར་སྐབས་ས་གནས་མི་མང་དང་། དེ་བཞིན་བོད་མི་བཅས་མི་གྲངས་༤༠༠༠་ལྷག་གིས་༧གོང་ས་མཆོག་ལ་ཕེབས་བསུ་དང་། མཇལ་བཅར་བཀའ་སློབ་ཞུས་ཡོད་པ་དང་། དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་འདུ་འཛོམས་སར་བཀའ་གནང་བར་། གཅེན་གཅུང་ཚོར་ངས་ག་དུས་ཡིན་ནའི་ཤོད་རྒྱུར། ང་རང་གང་ཟག་བྱེ་བྲག་ཕལ་པ་ཞིག་ཁྱེད་ཚོ་དང་འདྲ་བ་ཞིག་གི་ངོས་ནས་ཁྱེད་ཚོ་མཉམ་དུ་མཇལ་བར་དགའ་པོ་ཞེ་དྲག་བྱུང་བ་དང་ཆབས་ཅིག་ཁྱེད་ཚོར་ཞུ་རྒྱུར། འཛམ་གླིང་ནང་མི་མང་འཐེར་འབུམ་༧་ཙམ་ཡོད་པ་དེ་ཚང་མ་ང་ཪང་ཚོ་འགྲོ་བ་མིའི་རིགས་གཟུགས་དང་། རྣམ་པ་ཚོར་བ་སོགས་གཅིག་མཚུངས་ཤིག་ཡོད་དུས་རང་གཞན་གཉིས་ཀའི་བསམ་བློའི་ནང་གཞན་གྱི་བདེ་བར་གནོད་བསྐྱལ་ཐུབ་པའི་ནུས་པ་ཡོད་དུས་དེར་བསམ་ཞིབ་ཀྱི་སྒོ་ནས་ཕན་གནོད་བླངས་དོར་གྱི་བསམ་ཤེས་ཐུབ་ན་དེས་སྡུག་བསྔལ་མེད་པའི་བདེ་བར་གནས་ཐུབ་པའི་བློ་ཞིག་རང་གཞན་ཚང་མས་བྱེད་ཐུབ་པ་ཞིག་རེད།
ད་དུང་བློ་རྒྱ་ཆེ་ས་ཞིག་ནས་བསམ་བློ་བཏང་ཐུབ་ན་ནང་སེམས་ཀྱིས་གཞན་ཕན་གྱི་བློ་སྐྱེས་ཐུབ་པ་ཞིག་ཀྱང་བྱེད་ཐུབ། དེ་ལྟར་དཔེར་ན་དེ་སྔོན་འཛམ་གླིང་དམག་ཆེན་གཉིས་བའི་སྐབས་ཡོ་རོབ་ནང་དམག་འཁྲུག་གི་དཀའ་ངལ་ཇི་སྙེད་ཅིག་བྱུང་ཡོད་ཀྱང་དེང་སྐབས་གཞོན་སྐྱེས་ཚོར་དེ་ལྟར་མྱོང་མི་དགོས་པ་ཞིག་ཏུ་གྱུར་ཐུབ་ཡོད་པ་རེད། དེ་ལྟར་རང་གཞན་ཚང་མའི་བདེ་བའི་ཆེད་དུ་བློ་བཟང་པོ་ཞིག་སྐྱེས་ཐུབ་ན་ཚང་མར་བདེ་བ་ཐོབ་ཀྱི་ཡོད་པ་རེད།
གཞན་ཕན་གྱི་བློ་བཟང་པོ་དེ་ཁྲོམ་ནས་ཉོ་རྒྱུ་མེད་པ་དེ་རང་གི་རྒྱུས་སུ་སྐྱེས་དགོས་པ་ཞིག་ཡིན། ཆོས་ལུགས་འདྲ་མིན་ཡོད་མིན་ལ་མི་ལྟོས་པར་ནང་སེམས་ཀྱིས་རང་གཞན་ཚང་མར་བདེ་བ་ཞིག་བསྐྲུན་ཐུབ་ཀྱི་ཡོད་པ་དེ་ང་རང་ཚོ་ཚང་མས་བྱེད་ཐུབ་པའི་ནུས་པ་སོ་སོ་རང་ཉིད་དུ་ཡོད། དེ་ལྟར་ང་རྒྱལ་གྱི་བློ་མེད་པར་བཟོིད་སྒོམས་བྱས་ཏེ་དུས་རབས་༢༡་འདི་ཞི་བདེའི་དུས་རབས་ཤིག་ཏུ་གནས་ཐུབ་པར་བྱ་རྒྱུའི་ལས་འགན་འདི་ང་ཚོ་ཚང་མར་ཡོད་ཅེས་བཀའ་སློབ་སྩལ་འདུག
ཚེས་༡༥ནི་༧གོང་ས་མཆོག་གིས་ཨའོསི་ཊརེ་ལི་ཡའི་ད་ཐེངས་ཀྱི་མཛད་འཕྲིན་གྱི་ཉིན་མཐའ་མ་ཡིན་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

གཞན་༧གོང་ས་མཆོག་གིས་དེ་ཁུལ་གྱི་བོད་མི་ཚོར་ཟུར་མཇལ་དང་མཉམ་བཀའ་སློབ་གནང་བའི་སྐོར་འདི་གའི་ཆེད་མངགས་གསར་འགོད་པ་ནོར་བུ་དགྲ་འདུལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎