༧གོང་ས་མཆོག་གིས་ས་རཱ་མཐོ་སློབ་ཏུ་བཀའ་སློབ་གནང་བ།


2016.04.27
༧གོང་ས་མཆོག་གིས་ས་རཱ་མཐོ་སློབ་ཀྱི་མཐར་ཕྱིན་མཛད་སྒོར་བཀའ་སློབ་གནང་སྐབས། ༢༠༡༦།༤།༢༦ ༧གོང་ས་མཆོག་གིས་ས་རཱ་མཐོ་སློབ་ཀྱི་མཐར་ཕྱིན་མཛད་སྒོར་བཀའ་སློབ་གནང་སྐབས། ༢༠༡༦།༤།༢༦
བསྟན་འཛིན་དོན་ཡོད། /RFA

བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་དེ་དག་གིས་འཛམ་གླིང་སྤྱི་ལ་ཞབས་འདེགས་ཞུ་རྒྱུའི་ཐད་བསམ་བློ་གཏོང་དགོས་སྐོར་གསུང་འདུག།
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་དེ་དག་བོད་རིགས་ནང་མི་ཉམས་རྒྱུད་འཛིན་གནང་བ་དེ་ད་ཆ་འཛམ་གླིང་སྤྱི་ལ་ཕན་ཐོགས་དང་། ཞབས་འདེགས་ཞུ་ཕྱོགས་ཐད་བསམ་བློ་གཏོང་དགོས་སྐོར་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ས་རཱ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་མཛད་སྒོའི་ཐོག་བཀའ་སློབ་སྩལ་གནང་འདུག།
ཁ་ས་ཕྱི་ཚེས་༢༦་ཉིན་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་ར་མཐོ་སློབ་ཀྱི་བསླབ་པ་མཐར་སོན་མཛད་སྒོར་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་གིས། འདས་པའི་ལོ་བཅུ་ཕྲག་ལྔ་ལྷག་ཙམ་རིང་ཡར་རྒྱས་ཕྱིན་པ་དེ་ནི་ལྷག་བསམ་རི་བཙུགས་པ་དང་། སྒེར་སེམས་རྩ་བ་ནས་མེད་པའི་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་སྐྱོན་པའི་གྲུབ་འབྲས་ཡིན་སྐོར་དང་། ད་བར་བོད་མི་རྣམས་ཀྱིས་ལོ་སྟོང་ཕྲག་མང་པོའི་རིང་མི་ཉམས་བརྒྱུད་འཛིན་གནང་བའི་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་དེ་དག་འཛམ་གླིང་སྤྱི་ལ་ཕན་ཐོགས་དང་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཡོད་སྟབས་དེའི་ཐད་བསམ་བློ་གཏོང་དགོས་པའི་དུས་ལ་སླེབས་སྐོར་བཀའ་སློབ་བསྩལ་འདུག།   
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུར་ཕྱི་ལོ་༡༩༧༠་ནང་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་དམ་པ་དེས། ནང་དོན་རིག་པའི་སློབ་གཉེར་གནང་ཡུལ་རྡ་ས་རིག་ལམ་སློབ་གཉེར་ཁང་གསར་བཙུགས་གནང་བ་དང་ཕྱི་ལོ་༢༠༠༨་ལོར་ས་ར་བོད་ཀྱི་མཐོ་སློབ་ཁང་གསར་བཙུགས་གནང་སྟེ། དེའི་ནང་བོད་མི་སྐྱ་སེར་ཕོ་མོ་དང་། ཕྱི་མི། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས་སོགས་ནས་བོད་སྐད་དང་། ནང་དོན་རིག་པ། བརྡ་སྤྲོད་རིག་པ། རྒྱལ་རབས་ལོ་རྒྱུས་སྦྱོང་བརྡར་གནང་སའི་ལྟེ་གནས་ཤིག་ཡིན་ཞིང་། ཕྱི་ཚེས་༢༦་ཉིན་སྐབས་དང་པོའི་གཙུག་ལག་རབ་འབྱམས་པ་དང་སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་རབ་འབྱམས་པ་དེ་བཞིན་རིགས་ལམ་སློབ་གཉེར་ཁང་གིས་རིས་མེད་དགེ་བཤེས་བཅས་ཀྱི་བསླབ་པ་མཐར་སོན་གསུམ་འཛོམས་ཀྱི་མཛད་སྒོ་འཚོགས་གནང་ཡོད་པ་རེད༎།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎