༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར།

༧གོང་ས་མཆོག་Atlanta
༧གོང་ས་མཆོག་Atlanta (Photo: RFA)

༧གོང་ས་མཆོག་ཨ་རིའི་Atlanta གྲོང་ཁྱེར་ནང་ཡོད་པའི་Emory གཙུག་ལག་སློབ་གྲ་ཆེན་མོའི་ནང་ཞབས་སོར་འཁོད་དེ་མཛད་འཕྲིན་ཁག་ཅིག་བསྐྱངས་རྒྱུ་ཡིན་འདུག

དེ་ཡང་ཕྱི་ཟླ་༡༠ཚེས་༨ནས་ཚེས་༡༠བར་ཉིན་གསུམ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Emory གཙུག་ལག་སློབ་གྲ་ཆེན་མོའི་ནང་བཞུགས་བཞག་མཛད་པའི་རིང་བཀའ་སློབ་དང་། བགྲོ་གླེང་སོགས་ཀྱི་མཛད་འཆར་དུ་མ་ཞིག་བསྐྱངས་རྒྱུའི་ཁོངས་སུ་སང་ཉིན་ཚེས་༨ཉིན་དུས་རབས་ཉེར་གཅིག་པའི་ནང་ཆབས་འབངས་ཀྱི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག Emory གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་དགེ་ཤེས་བློ་བཟང་ནི་གི་ལགས་ཀྱིས་གསུང་པར་གཞིགས་ན། ཐེངས་འདིའི་ཆིབས་བསྒྱུར་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོ་ཤེས་ཡོན་དང་། ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་སྐོར་ལ་བཀའ་སློབ་དང་། བགྲོ་གླེང་སོགས་གནང་རྒྱུའི་མཛད་འཆར་ཡོད་འདུག སྐབས་དེའི་མཛད་རིམ་ཁག་དྲ་ལམ་ནས་ཐད་གཏོང་བྱེད་འཆར་ཡོད་པ་རེད་འདུག