ཆོས་ལུཊ་རིས་མེད་གྱི་དབུ་ཁྲིད་ཚོས་གནམ་གཤིས་ཐད་བསྒྲཊ་གཏམ།


2016.04.20
༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་རྡ་རམ་སཱ་ལར། ༢༠༡༥།༤།༡༨ ༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་རྡ་རམ་སཱ་ལར། ༢༠༡༥།༤།༡༨
སྐུ་སྒེར་དྲ་བ

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཨ་ཧྥེ་རི་ཀའི་ཡེ་ཤུའི་བླ་ཆེན་Tutu་རྣམ་གཉིས། ཆོས་ཕྱོགས་ཀྱི་དབུ་ཁྲིད་༢༧༠་ལྷན་དུ་བཞུགས་ནས་ཆོས་ལུགས་རིས་མེད་ཀྱི་གནམ་གཤིས་ཀྱི་བསྒྲགས་གཏམ་ལ་མཚན་རྟགས་བསྐྱོན་གནང་མཛད་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་བླ་ཆེན་(Desmond Tutu)རྣམ་གཉིས་ཀྱིས་ནང་པ་དང་། ཡེ་ཤུ། ཁ་ཆེ། ཇིའུ་གཙོས་པའི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་༢༧༠་ལྷག་གི་ལྷན་དུ་བཞུགས་ནས་གནམ་གཤིས་ཐད་ལས་དོན་སྤེལ་དགོས་སྐོར་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་བསྒྲགས་གཏམ་ལ་གཟའ་ཟླ་བ་ཕྱི་ཚེས་༡༨་ཉིན་མཚན་རྟགས་བཀོད་གནང་མཛད་ནས། བསྒྲགས་གཏམ་དེ་བཞིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཀྱི་གཙོ་འཛིན་(Christiana Figueres)ལ་འབུམ་ལམ་ཞུས་འདུག  
ཆོས་ལུགས་རིས་མེད་ཀྱི་བསྒྲགས་གཏམ་དེ་ནི་འདི་ལོའི་ཕྱི་ཟླ་༤་པའི་ཚེས་༢༢་ཉིན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཚང་འཛོམས་ཀྱིས། དེ་སྔོན་ཧྥ་རན་སིའི་རྒྱལ་ས་པེ་རེས་སུ་ནང་གནམ་གཤིས་སྐོར་གྲོས་མཐུན་བཞགས་པ་དེར་མཚན་རྟགས་བཀོད་རྒྱུའི་གོང་ཙམ་ལ་སླེབས་ཡོད་ཅིང་། དེ་ནི་གྲོས་མཐུན་དེ་ལག་བསྟར་དོན་འཁྱོལ་ཡོང་བའི་མདུན་བསྐྱོད་ཀྱི་གོམ་པ་གལ་ཆེ་ཞིག་ཡིན་འདུག
གོང་ཞུས་བསྒྲགས་གཏམ་དེའི་ནང་འཛམ་གླིང་གི་སའི་གོ་ལ་འདི་ལ་གཅེས་སྐྱོང་དགོས་པ་དེ་ནི་ང་ཚོ་ཚང་མར་འཁྲི་པའི་ལས་འགན་ཡིན་པ་དང་། ང་ཚོ་མི་རེ་རེར་གནམ་གཤིས་འགྱུར་ལྡོག་སྔོན་འགོག་ཆེད་ལས་དོན་སྤེལ་རྒྱུའི་བཟང་སྤྱོད་ཐོག་ནས་འགན་ཡོད་སྐོར་ཡེ་ཤུའི་བླ་ཆེན་པོབ་ཀྱི་རྒྱ་ཁྱབ་འཕྲིན་ཡིག་ནང་ཤུགས་དྲག་ཆེན་པོའི་ངང་བཀོད་ཡོད་ལ་དེ་བཞིན་དུ་གནམ་གཤིས་འགྱུར་ལྡོག་སྐོར་ལ་ནང་པ་དང་། ཡེ་ཤུ། ཧིན་རྡུ། ཇིའུ། ཁ་ཆེ། སིཀ་གཙོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་བསྒྲགས་གཏམ་སྤེལ་ཡོད་སྐོར་གསུངས་འདུག
མཐའ་དོན་དུ་ཆོས་ལུགས་རིས་མེད་ཀྱི་བསྒྲགས་གཏམ་དེའི་ནང་། ལས་དོན་སྤེལ་དགོས་པའི་དོན་ཚན་དྲུག་ཁ་སྣོན་བསྐྱོན་པའི་ནང་གཞུང་འཛིན་ཁག་གིས་དུག་རླངས་གཅོག་འཕྲི་དགོས་པ་དང་། གནམ་གཤིས་འགྱུར་ལྡོག་ཕྱིན་པའི་རྐྱེན་གྱིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ནང་ཐན་པ་དང་གནམ་གཤིས་ཧ་ཅང་ཚ་རུ་ཕྱིན་པ། ཉེན་ཚབས་ཆེ་བའི་རླུང་འཚུབ། རྒྱ་མཚོའི་ཆུ་ཚད་རྒྱས་བཞིན་པར་གདོང་ལེན་བྱེད་ཕྱིར་རོགས་དངུལ་གནང་དགོས་པ་སོགས་ཡིན་འདུག༎

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎