༧གོང་ས་མཆོག་གིས་རྒྱལ་ཡོངས་སྨོན་ལམ་ཚོཊ་བཅར་པར་བཀའ་སློབ།


2015.02.05
ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་སྐབས་བོད་མི་ཚོས་དགའ་སྟོན། ༢༠༡༥།༢།༥ ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་སྐབས་བོད་མི་ཚོས་དགའ་སྟོན། ༢༠༡༥།༢།༥ ཀླུ་འབུམ
Photo: RFA

འགྲོ་བ་མི་ཐེར་འབུམ་བདུན་དབར་གཅིག་གྱུར་གྱི་འདུ་ཤེས་ཞིག་འབྱུང་ཚེ་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་སེལ་ཐུབ།
དེ་ཡང་ཁ་ས་ཕྱི་ཟླ་༢ཚེས་༤ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༥ཉིན་གྱི་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྐབས་ཀྱི་སྨོན་ལམ་དུ་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་ཉིན་གུང་གསོལ་ཚིགས་སྐབས་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་འགྲོ་བ་མི་ཐེར་འབུམ་བདུན་ཙམ་ཡོད་པ་དེ་དག་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཞིང་། རང་རང་སོ་སོའི་ངོས་ནས་རང་ཉིད་དང་འགྲོ་བ་མི་ཐེར་འབུམ་བདུན་དབར་གཅིག་གྱུར་གྱི་འདུ་ཤེས་ཞིག་འབྱུང་ཚེ་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་སེལ་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རང་གཞན་གཉིས་ཀའི་མ་འོངས་པའི་མདུན་ལམ་ནི་ཕན་ཚུན་གཅིག་ལ་བརྟེན་ཡིན་སྟབས། གཅིག་གྱུར་བསམ་པའི་འཁྱེར་བཟོ་འདི་ནི་རང་དང་གཞན་གཉིས་ཀའི་བདེ་སྐྱིད་བསྐྲུན་རྒྱུར་མེད་དུ་མི་རུང་བ་ཞིག་ཡིན་པ་ཞིག་རེད་ཅེས་དང་། འཛམ་གླིང་གི་ཚ་དྲོད་རྒྱས་བཞིན་པའི་དཀའ་རྙོག་དང་། ཆོས་ལུགས་ཀྱི་མིང་གི་ཐོག་ནས་བྱུང་བའི་རྙོག་དྲ་སོགས་མི་བཟོད་པའི་དཀའ་ངལ་དེ་དག་སྤྱི་ཚོགས་སྤྱིའི་བསམ་བློའི་འགྲོ་ལུགས་དང་ཕན་ཚུན་མཉམ་འབྲེལ་གྱི་ཐོག་ནས་སེལ་དགོས་པ་ལས་བྱེ་ཐང་ཞིག་གི་ཐོག་གཅིག་པུར་བསྡད་སྟེ་དཀའ་ངལ་དེ་དག་སེལ་ཐུབ་ཐབས་མེད་པ་བཀའ་གནང་ཡོད་པ་རེད།
གཞན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་པ་དང་སྙིང་རྗེ། བཟོད་སྒོམ་སོགས་ནི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མས་ཐོུང་གི་བསླབ་བྱ་དེ་ཡིན་སྟབས། ཆོས་ལུགས་ཁག་གི་དམིགས་ཡུལ་གཙོ་བོ་ནི་བསླབ་བྱ་དེ་དག་ཉམས་སུ་བླང་བའི་ཐོག་ནས་མི་བཟང་པོ་ཞིག་བཟོ་ཐབས་དེ་རེད་ཅེས་དང་། དེར་བརྟེན་ཐོུང་གི་བསླབ་བྱ་དེ་དག་གཞི་རྩར་བཞག་པའི་ཐོག་ནས་ཆོས་ལུགས་ཕན་ཚུན་གུས་ཞབས་དང་བརྩི་བཀུར་ངེས་པར་ཞུ་དགོས་གལ་ཆེ་བ་ཡིན་པ་བཀའ་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ནང་དབུལ་ཕྱུག་གི་ཁྱད་པར་ཇེ་ཆེར་འགྲོ་བཞིན་པའི་དཀའ་ངལ་སེལ་ཐབས་ཐད་འབད་བརྩོན་བྱེད་དགོས་པ་བཀའ་གནང་སྐབས། ཆོས་པ་ཚོས་དབུལ་པོའི་དཀའ་ངལ་སེལ་བར་ཤོག་ཅེས་ཚིག་ཙམ་གྱི་སྨོན་ལམ་འདེབས་པ་གཅིག་པུས་དཀའ་ངལ་དེ་སེལ་ཐུབ་ཐབས་མེད་སྟབས། ངེས་པར་ཕན་ཐོགས་ངེས་ཅན་གྱི་ལས་དོན་སྤེལ་དགོས་པ་བཀའ་གནང་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎