ཕེབས་མ་ཐུབ་པར་ཐུགས་ཕམ།
2013.04.25
༄༅། །དྷ་རམ་ས་ལ་ནས་གསར་འགོད་པ་ ཨར་ཝིནྜི་ ཤར་མ་(Arvind Sharma) ཡིས་འདི་ཚེས་༢༤ཉིན་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལམ་རྒྱ་ནག་གི་ ལུ་ཤུ་(Lushu) ཁུལ་ས་ཡོམ་གྱི་རྐྱེན་ནང་ལྷུངས་པའི་མི་མང་ཚོའི་ཆེད་བསྔོ་སྨོན་གནང་བ་ཙམ་ལས་ས་གནས་སུ་དངོས་སུ་ཕེབས་མ་ཐུབ་པ་དེར་ཐུགས་ཕམ་གནང་འདུག དེའི་གོང་ལ་ཡང་ས་ཁུལ་དེར་ས་ཡོམ་བརྒྱབས་སྐབས་༧གོང་ས་མཆོག་ཕེབས་རྒྱུའི་ཐུགས་རེ་གནང་ཡོད་ཀྱང་དེ་ལྟར་མ་བྱུང་བ་རེད། ༧གོང་ས་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ནང་གི་ཆིབས་བསྒྱུར་གྲུབ་སྟེ་འདི་ཚེས་༢༣ཉིན་དྷ་རམ་ས་ལར་ཕྱིར་ཕེབས་གནང་ཡོད་རེད༎