བོད་དོན་ཆེད་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་རྐང་འཁོར་སྐོརབསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ།

2023.10.21
བོད་དོན་ཆེད་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་རྐང་འཁོར་སྐོརབསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ།
RTYC Samyeling

འཇམས་དབྱངས་བསྟན་འཛིན་ལགས་ཀྱིས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོརྗེ་གདན་བར་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་འདི་ཟླའི་ཚེས་༡༢་ཉིན་སྟེ་སྐུའི་བླ་གཟའ་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་དབུ་འཛུགས་གནང་སྟེ་ཉིན་རེར་རྒྱང་ཐག་ཀི་ལོ་མི་ཀྲར་༦༠་ནས་༧༠་ལྷག་བར་དང་མཚམས་རེ་དེ་ལས་མང་བ་བཏང་གནང་གི་ཡོད་སྐོར་གསུངས་འདུག།ཁོང་གིས་རྐང་འཁོར་སྐོར་བསྐྱོད་གནང་སྟེ་བདུན་ཕྲག་གཅིག་ལྷག་ཙམ་ཕྱིན་པའི་རྗེས་སུ་འདི་ཟླའི་ཚེས་༡༩་སྟེ་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་ལ་ཕེབས་འབྱོར་སྐབས་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་ས་གནས་བདེ་དོན་གཉིས་ནས་ཁོང་ལ་དགའ་བསུའི་སྣེ་ལེན་ཞུ་རྒྱུའི་མཛད་རིམ་ཞིག་ས་གནས་ཀྱི་དགོན་པའི་མདུན་ལ་གོ་སྒྲིགས་ཞུས་འདུག།བསམ་ཡས་གླིང་བོད་མིའི་གཞིས་ཁོངས་མི་མང་རྣམས་ཀྱིས་ཁོང་ལ་དགའ་བསུའི་སྣེ་ལེན་ཞུས་པ་ལྟར་ལམ་བར་ལ་ཨམ་བྷ་ལ་དང་པ་ནི་པཏ་ལ་དགུན་ཚོང་སྐྱོན་མཁན་བོད་མི་རྣམས་ཀྱིས་དགུན་ཚོང་དབུ་འཛུགས་གནང་སྟེ་ཟླ་བ་རེ་ཟུང་ལས་མ་ཕྱིན་ན་ཡང་ད་དུང་ཁོང་ལ་ཞལ་འདེབས་སོགས་གནང་བྱུང་ཅེས་གསུངས།་བོད་དོན་དོན་གཉེར་བ་ཁོང་གིས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་སྤེལ་དགོས་དོན་གཙོ་བོ་བོད་མི་རིགས་དང་བོད་ཀྱི་བསྟན་པ་ཆབ་སྲིད་བཅས་པའི་དོན་དུ་ཡིན་པ་མ་ཟད་བོད་པའི་གཞོན་སྐྱེས་རྣམས་ཀྱི་བློ་སྟོབས་སྤེལ་ཕྱིར་ཡིན་སྐོར་གསུངས་འདུག་ཡང་ཁོང་གིས་རྐང་འཁོར་སྐོར་བསྐྱོད་གནང་སྐབས་རྒྱ་གར་གྱི་གྲོང་གསེབ་གཙོས་པའི་ས་གནས་ཁག་ལ་ཕེབས་དུས་ས་གནས་ཡུལ་མི་རྣམས་ལ་བོད་དང་རྒྱ་གར་གྱི་འབྲེལ་ལམ་དང་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའི་དགོས་པ་རྒྱུ་མཚན་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་གསུངས་འདུག།ཡང་པ་ལགས་འཇམས་དབྱངས་བསྟན་འཛིན་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་བར་བསྐྱོད་གྱུར་རྐང་འཁོར་ཟླ་བ་གཉིས་ཙམ་འགོར་གྱི་ཡོད་སྟབས་ད་དུང་ས་ཐག་མང་བ་བགྲོད་རྒྱུ་ལྷག་ཡོད་ན་ཡང་་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟེན་པའི་ཞབས་རིམ་གསོལ་འདེབས་དང་ཞལ་འདོན་སོགས་འདོན་བཞིན་ཕེབས་ཀྱི་ཡོད་སྟབས་་དཀའ་ལས་ཁག་གི་མིན་འདུག་ཅེས་གསུངས་འདུག

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎