བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཕོ་འགྱུར།

2021.08.30
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཕོ་འགྱུར། ཀླུ་ཁྲིད་ཚང་འཆི་མེད་ཚེ་དབྱངས་ལགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་དང་རྩིས་ལེན་སྐབས།
tibet.net

ཀླུ་ཁྲིད་ཚང་འཆི་མེད་ཚེ་དབྱངས་ལགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་བྱུང་ཡོད་པ་ལྟར། འདི་ཚེས་༣༠་རེས་གཟའ་ཟླ་བ་ཉིན་སྤྲོད་དཔང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དབུ་བཞུགས་ཐོག་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་བྱས་ནས་ཚེས་༣༡་ཉིན་ནས་དངོས་སུ་ལས་ཁུར་ཞུ་ཡིན་འདུག
ཀླུ་ཁྲིད་ཚང་འཆི་མེད་ཚེ་དབྱངས་ལགས། ཕྱི་ལོ་༡༩༧༢་ཟླ་༨་ཚེས་༡་ཉིན་རྒྱ་གར་ཅོན་ཏ་རར་སྐྱེས་ཤིང་། ཕྱི་ལོ་༡༩༩༥་ལོར་པཎ་ཇབ་གཙུག་ལག་སློབ་གྲྭ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་རྗེས་ཕྱི་ལོ་༢༠༠༠་ཟླ་༡་ཚེས་༢༤་ཉིན་ཤེས་རིག་ལས་ཁུངས་སུ་དྲུང་ལས་གནང་བ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གནས་འདྲ་མིན་ཐོག་ལོ་མང་ཕྱག་ལས་གནང་རྗེས། ཕྱི་ལོ་༢༠༢༠་ཟླ་༨་པར་དྲུང་ཡིག་ཆེན་མོའི་གནས་རིམ་དུ་སྤར་ནས་ཕྱི་ལོ་༢༠༢༠་ཟླ་༩་ཚེས་༡་ཉིན་དྲིལ་བསྒྲགས་དྲུང་ཆེ་གནང་བ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། ཀླུ་འབུམ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎