གཡུ་སྒྲོན་དོན་ལྡན་ལགས་སུ་ལེགས་གསོའི་ཕྱག་འཁྱེར་གནང་བ།

བོད་པའི་བེུད་ཞིག་གིས་བོད་ཀྱི་རྩ་དོན་དང་རང་མི་རིགས་ཀྱི་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་ལོ་མང་རིང་གནང་བར་ལེགས་གསོའི་བྱ་དགའ་ཞིག་གནང་བ།
བོད་པའི་བེུད་ཞིག་གིས་བོད་ཀྱི་རྩ་དོན་དང་རང་མི་རིགས་ཀྱི་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་ལོ་མང་རིང་གནང་བར་ལེགས་གསོའི་བྱ་དགའ་ཞིག་གནང་བ། (བོད་མིའི་སྒྲིག་འཛུགས། )

༄༅༎བཞུགས་སྒར་རྡ་རམ་ས་ལར་ལྷན་ཚོགས་གནང་བའི་ལྔ་དང་ལྔ་བཅུའི་ལྷན་ཚོགས་དེ་རིང་མཇུག་བསྒྲིལ་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་ཉིན་མཐའ་མའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་པའི་བེུད་ཞིག་གིས་བོད་ཀྱི་རྩ་དོན་དང་རང་མི་རིགས་ཀྱི་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་ལོ་མང་རིང་གནང་བར་ལེགས་གསོའི་བྱ་དགའ་ཞིག་གནང་བའི་གནས་ཚུལ་འདུག དེ་ཡང་ཨ་རིའི་ནང་རྟེན་གཞི་བྱས་པའི་Isdell Foundation ཞེས་པའི་ཐེབས་རྩ་ཁང་དེ་ཕྱི་ལོ་༡༩༩༤ལོར་གསར་འཛུགས་གནང་མཁན་གཡུ་སྒྲོན་དོན་ལྡན་ལགས་དང་།ཁོང་གི་སྐུ་ཟླ་Kevin རྣམ་གཉིས་ནས་ལོ་མང་རིང་ གཞན་ཕན་དང་ མི་རིགས་ལ་བརྩེ་སེམས་ཀྱི་དམིགས་དཔེར་འོས་པའི་ཕྱག་ལས་གནང་བར་ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལེགས་གསོའི་ཕྱག་འཁྱེར་ཞིག་གནང་བཞག
གཡུ་སྒྲོན་དོན་ལྡན་ལགས་ཀྱིས་འཛིན་སྐྱོང་གནང་བཞིན་པའི་Isdell Foundation ཞེས་པའི་ཐེབས་རྩ་ཁང་དེས་ད་བར་བོད་མིའི་སྤྱི་ཚོགས་ལ་ཨ་སྒོར་ས་ཡ་བདུན་ལྷག་གིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་དང་། དེ་ཡང་རྒྱ་གར་དང་།ཨ་མི་རི་ཀ་ ཡུ་རོབ་ དེ་བཞིན་བོད་བཅས་སུ་ཚོགས་པ་ཆེ་ཆུང་མང་པོ་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་དང་།སྤྱི་ཚོགས་ཡར་རྒྱས་གཏོང་ཆེད་དེ་བཞིན་བོད་ཀྱི་རིག་གཞུང་མི་ཉམས་བརྒྱུད་འཛིན་བྱ་ཆེད་དང་།སྒྱུ་རྩལ་སོགས་ཀྱི་ཆེད་དུ་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཡོད་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ Isdell Foundation ཐེབས་རྩ་ཁང་ལ་མངགས་བརྗོད་གནང་ཐོག་ཁོང་གིས་གཡུ་སྒྲོན་དོན་ལྡན་ལགས་དང་ Kevin ལགས་ལོ་ངོ་༢༠ཙམ་ནས་ངོ་ཤེས་ཀྱི་ཡོད་པ་དང་། ཁོང་གཉིས་ཀྱིས་ཕྱག་ལས་གནང་ཕྱོགས་ཐོག་ནས་བོད་མི་གཞན་ཚོས་ཀྱང་དམིགས་དཔེ་ལེན་ནས་མི་རིགས་ལ་བརྩེ་སེམས་ཀྱི་ལས་འགུལ་སྤེལ་བའི་རེ་བ་ཡོད་ལུགས་གསུངས་བཞག བྱ་དགའ་འབུལ་བཞེས་སྐབས་གཡུ་སྒྲོལ་དོན་ལྡན་ལགས་ཀྱིས་ཁོང་བོད་མི་ཞིག་ཡིན་པ་ནི་བསོད་ནམས་ཅན་ཞིག་ཡིན་པ་ཚོར་ཀྱི་ཡོད་པ་དང་། རིག་གཞུང་ཕྱུག་པོ་ཡོད་པའི་རྒྱལ་ཁབ་དང་ སྤྱི་ཚོགས་ཁྱིམ་ཚང་ཞིག་ནང་ཁོང་རང་སྐྱེས་པ་དེར་ཧ་ཅང་དགའ་སྤོབས་ཆེན་པོ་ཡོད་པ་དང་། བོད་མིའི་བདེ་དོན་དང་བོད་ཀྱི་རྩ་དོན་ཆེད་མུ་མཐུད་ཕྱག་ལས་གནང་རྒྱུ་ཡིན་ལུགས་སོགས་གསུངས་བཞག།

(Tamdin Wangchuk)

གསར་འགོད་པ་ཚེ་དབང་དངོས་གྲུབ།