འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་བཞིན་པ།


2015.12.28
རྡ་སར་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གནང་ཕྱོགས་ཀྱི་ཟབ་སྦྱོང་མཛད་སྒོ། ༢༠༡༦།༡༢།༢༦ རྡ་སར་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གནང་ཕྱོགས་ཀྱི་ཟབ་སྦྱོང་མཛད་སྒོ། ༢༠༡༦།༡༢།༢༦
tibet.net

སྐབས་༡༤པའི་བཀའ་ཤག་གིས་ཤེས་ཡོན་ནི་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་བཞིན་པ་སྲིད་སྐྱོང་གིས་གསུངས་བ།
དེ་ཡང་འདི་ཚེས་༢༦ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱ་གར་དང་། བལ་ཡུལ་གཉིས་ནང་ཡོད་པའི་སློབ་གྲ་ཁག་༣༡་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་༢༩༩་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དབུ་བཙུགས་གནང་ཡོད་པ་རེད།
སྐབས་དེར་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་གཙོས་ཤེས་རིག་བཀའ་བློན་དང་། དྲུང་ཆེ་རྣམ་གཉིས། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་དང་ལས་བྱེད། རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་རྒན་ཆེན་མོ། བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་དང་། ཕྱག་རོགས་དགེ་རྒན་རྣམ་པ་བཅས་ཚང་འཛོམས་ཐོག་ཤེས་རིག་བཀའ་བློན་མཆོག་གིས། ད་རེས་ཀྱི་ཟབ་སྦྱོང་དེ་ནི་གལ་འགངས་ཆེན་པོ་ཡིན་ལུགས་དང་། ལྷག་པར་དུ་ཟབ་སྦྱོང་སྤྲོད་ཡུལ་གྱི་སློབ་ཕྲུག་ཚོ་ནི་མ་འོངས་པའི་འགོ་ཁྲིད་ཆགས་ཡོད་པས་མ་འོངས་པར་ལས་འགན་ཆེན་པོ་ཡོད་པ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་མདུན་བསྐྱོད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། མི་རིགས་སྲ་བརྟན། ཤེས་ཡོན་བཅས་ཡར་རྒྱས་ཀྱི་ལས་དོན་རྣམས་འགན་འཁྲི་འཁུར་དགོས་པ་རེད་ཅེས་སོགས་གསུངས་འདུག    
དེ་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ནི་བོད་ཕྲུག་རྣམས་ལ་སྲོལ་རྒྱུན་གྱི་ལམ་ལུགས་ལ་མཆོག་ཏུ་གྱུར་བའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞིག་གསོ་སྐྱོང་གནང་རྒྱུ་དེ་ཡིན་པ་ལྟར། ཕྱི་ལོ་༢༠༠༨ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་༧གོང་ས་མཆོག་གིས་ཤེས་ཡོན་ཐོག་ལ་འཐུས་ཤོར་ཧ་ཅང་ཆེན་པོ་ཤོར་འདུག་ཅེས་ཐུགས་ཚོར་ཆེན་པོའི་ཐོག་ནས་བཀའ་སློབ་ཕེབས་ཡོད་པར་བརྟེན་སྐབས་༡༤པའི་བཀའ་ཤག་གིས་ཤེས་ཡོན་ནི་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་ཞུས་ཏེ་བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་ཡོང་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་དཔལ་འབྱོར་གྱི་མཐུན་འགྱུར་བསྐྲུན་ནས་བོད་མི་ཁྱད་ལས་པ་གསོ་སྐྱོང་གནང་བཞིན་ཡོད་པས། དེའི་ཐད་ལ་སློབ་གྲྭའི་སློབ་སྤྱི་དང་ལས་བྱེད་པ། དགེ་རྒན་དང་ཕྲུ་གུའི་ཕ་མ། སློབ་ཕྲུག་རང་ཉིད་བཅས་ཆ་རྐྱེན་ལྔ་པོ་དེ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལུགས་གཏམ་བཤད་གནང་ཡོད་པ་རེད།  
ཐེངས་འདིའི་ཟབ་སྦྱོང་དེ་ཉིན་གྲངས་བརྒྱད་ཚོགས་རྒྱུའི་རིང་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་བབས་དང་། འགོ་ཁྲིད་གསར་པའི་ལས་འགན། བོད་ཀྱི་མང་གཙོའི་འཕེལ་རིམ། རྒྱ་གར་དང་འབྲེལ་ལམ་གནང་ཕྱོགས་སྐོར། བོད་མིའི་སྒྲིག་འཛུགས་ངོ་སྤྲོད་སོགས་བརྗོད་གཞི་མི་འདྲ་བ་མང་པོའི་ཐོག་སྦྱང་བཤད་དང་། དྲི་བ་དྲི་ལན་བཅས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎