ཚོང་ལས་དང་དཔལ་འབྱོར་སོགས་ཀྱི་ཐད་ཟབ་སྦྱོང་གནང་འདུག


2016.10.26
བོད་མིའི་སྒྲིག་འཛུཊ་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་སྐབས། ༢༠༡༦།༡༠།༢༦ བོད་མིའི་སྒྲིག་འཛུཊ་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་སྐབས། ༢༠༡༦།༡༠།༢༦
tibet.net

བོད་མིའི་སྒྲིག་འཛུཊ་ཀྱི་ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་གི་བོད་པའི་འབྲིང་རིམ་སློབ་གྲ་ཁག་ལ་ཚོང་ལས་དང་དཔལ་འབྱོར་སོཊ་ཀྱི་ཐད་ཟབ་སྦྱོང་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་གི་བོད་པའི་འབྲིང་རིམ་སློབ་གྲ་ཁག་ལྔའི་ནང་ཚོང་ལས་ལྟ་བུའི་དཔལ་འབྱོར་འདུ་འགོད་སོགས་གོ་རྟོགས་ཀྱི་ཟབ་སྦྱོང་ལས་གཞི་ཞིག་འདི་ཟླའི་ཚེས་༡༨་ནས་༢༤་བར་གོ་སྒྲིག་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་ཟབ་སྦྱོང་འདིའི་རིམ་པ་དང་པོའི་ནང་Chauntra བོད་ཁྱིམ་སློབ་གྲ་ནས་སློབ་ཕྲུག་༢༩༩་དང་། Chauntra་བོད་པའི་འབྲིང་རིམ་སློབ་གྲ་ནས་སློབ་ཕྲུག་༡༡༠ རྡ་ཤོད་བོད་ཁྱིམ་ནས་སློབ་ཕྲུག་༢༠༠་དཔེ་སྟོན་སློབ་གྲ་ནས་སློབ་ཕྲུག་༢༩ ར་ཇུ་པུར་སློབ་གྲ་ནས་སློབ་ཕྲུག་༡༡༠་བཅས་ཁྱོན་བསྡོམས་སློབ་ཕྲུག་༨༤༨་མཉམ་བཞུགས་གནང་འདུག
ད་དུང་ཡང་གོང་དང་མཚུངས་པའི་ཟབ་སྦྱོང་དེ་རིགས་རྒྱ་གར་ནང་གི་བོད་པའི་འབྲིང་རིམ་སློབ་གྲ་ཁག་༡༥་ནང་གནང་སྟེ་སློབ་ཕྲུག་༡༥༠༠་ལྷག་ལ་ཕན་ཐོགས་ཡོང་ཐབས་གནང་རྒྱུ་དང་། ཟབ་སྦྱོང་གནང་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནི་བོད་པའི་སློབ་ཕྲུག་ཚོའི་ཁྲོད་ཚོང་ལས་གཙོས་པའི་དཔལ་འབྱོར་འདུ་འགོད་གོ་རྟོགས་སྤེལ་རྒྱུ་དང་མ་འོངས་པར་བོད་པའི་སློབ་ཕྲུག་ཚོས་ཚོང་ལས་དེ་རང་གི་མདུན་ལམ་ལ་འདམ་ཀ་བྱ་རྒྱུའི་ཀུན་སློང་དང་བློ་སྟོབས་སྤེལ་རྒྱུའི་སླད་དུ་ཡིན་འདུག
ཟབ་སྦྱོང་དེ་མ་གནང་གོང་དང་གནང་གྲུབ་པའི་རྗེས་སུ་ཟབ་སྦྱོང་དེ་སྤྲད་པའི་གྲུབ་འབྲས་ཇི་བྱུང་འཕྲལ་དུ་ཤེས་རྟོགས་ཆེད་སློབ་ཕྲུག་ཚོར་ཡིག་ཚད་བཏང་བར་གྲུབ་འབྲས་ཡག་པོ་སོན་འདུག
བོད་པའི་འབྲིང་རིམ་སློབ་གྲའི་སློབ་ཕྲུག་རྣམས་ལ་གོང་ཞུས་ཟབ་སྦྱོང་གནང་མཁན་རྣམས་ནི་TED་ཞེས་པའི་བོད་མིའི་ཚོང་ལས་སྡེ་ཚན་གྱི་སློབ་ཕྲུག་ཚོའི་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བཟང་ལགས་དང་ཟབ་སྦྱོང་དེའི་འབྲེལ་མཐུད་པ་བསྟན་འཛིན་ལེགས་མཛེ་ལགས་ སོགས་ཡིན་པ་དང་། ཟབ་སྦྱོང་འདི་གོ་སྒྲིག་ཞུ་རྒྱུར་མཐུན་འགྱུར་རོགས་རམ་གནང་མཁན་ནི་SOIR-IM་ཞེས་པ་དེ་ཡིན་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎