ཉི་ཧོང་གི་སྲིད་བློན་དུ་སླར་ཡང་འདེམས་པར་དགའ་བསུ།


2017.10.27
༢༠༡༢ལོར་ཉི་ཧོང་གི་སྲིད་བློན་Shinzo Abeམཆོག་༧གོང་ས་མཆོག་དང་མཇལ་འཕྲད་སྐབས། ༢༠༡༢ལོར་ཉི་ཧོང་གི་སྲིད་བློན་Shinzo Abeམཆོག་༧གོང་ས་མཆོག་དང་མཇལ་འཕྲད་སྐབས།
OOTJ

རེས་གཟའ་ཉི་མ་ཕྱི་ཚེས་༢༢ཉིན་ཉི་ཧོང་ནང་། རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་བར་ཉི་ཧོང་གུ་ཡངས་མང་གཙོ་ཚོགས་པའི་ཚོགས་གཙོ་སྲིད་བློན་ལས་ཐོག་ཤིན་ཛོ་ཨ་བྷེ་Shinzo Abe མཆོག་ལ་སླར་ཡང་ཚད་མཐོའི་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་ཞུས་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས། ཉི་ཧོང་གཞུང་དམངས་གཉིས་ནས་ད་བར་བོད་དོན་སྤྱི་དང་ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཡུལ་དུ་ཆིབས་བསྒྱུར་སོགས་ལ་རྒྱབ་སྐྱོར་ཞུས་པ་དེ་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་འདུག  སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༢ ནང་ཉི་ཧོང་གྲོས་ཚོགས་སུ་ཕེབས་ནས་བོད་དོན་སྤྱི་དང་། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བཤད་གནང་སྐབས་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད།  ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཁོངས་གྲོས་ཚོགས་འཐུས་མི་ཁྱོན་  ༨༧ ཡོད་སྟབས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་ཤོས་ཡིན་འདུག  ཉི་ཧོང་གི་གྲོས་ཚོགས་འོག་མར་ཁྱོན་བསྡོམས་ཞབས་སྟེགས་༤༦༥ཡོད་པ་ནས་སྲིད་བློན་ལས་ཐོག་ Shinzo Abe མཆོག་གི་གུ་ཡངས་མང་གཙོ་ཚོགས་པར་ཞབས་སྟེགས་གྲངས་ ༣༡༢ ཐོབ་ཡོད་པར་བརྟེན་གྲོས་ཚོགས་འོག་མའི་ནང་བརྒྱ་ཆ་གསུམ་ཆ་གཉིས་ལོན་ཡོད་པ་དང་།  གྲོས་ཚོགས་གོང་མར་མཚོན་ན་ཁོང་གི་ཆབ་སྲིད་ཚོགས་པར་ཞབས་སྟེགས་གྲངས་གསུམ་ཆ་གཉིས་ལོན་ཟིན་ཡོད་པ་རེད།  
ཡང་CNN གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་བློན་ལས་ཐོག་ Shinzo Abe མཆོག་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་འཕྲལ་སྲིད་བློན་Abe མཆོག་གིས་ཁོང་གི་ཕྱག་ལས་དང་པོ་དེ་བཞིན་བྱང་ཀོ་རི་ཡའི་རྡུལ་ཕྲན་དཀའ་རྙོག་སེལ་ཐབས་སུ་ཨ་མི་རི་ཀ་དང་ལྷན་དུ་ཕྱག་ལས་གནང་རྒྱུ་དེ་ཡིན་ཞེས་གསུངས་བཞག དེ་བཞིན་ཁོང་གིས་ལས་དོན་དེ་སྒྲུབ་ཆེད་མི་མང་གི་མངོན་འདོད་བཞིན་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐབས་ལམ་ཐོག་ནས་ཕྱག་ལས་གནང་རྒྱུ་ཡིན་ལུགས་གསུངས་བཞག ཁ་ས་ཕྱི་དྲོ་ཨ་རིའི་སྲིད་འཛིན་Donald Trump མཆོག་གིས་ཀྱང་ཉི་ཧོང་གི་སྲིད་བློན་Abe མཆོག་ལ་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་བཀྲིས་བདེ་ལེགས་ཞུས་པ་དང་སྦྲགས། ཨ་རི་དང་ཉི་ཧོང་མཉམ་རུབ་ཀྱི་ཐོག་ནས་བྱང་ཀོ་རི་ཡ་ལ་གནོན་ཤུགས་སྤྲད་ནས་རྡུལ་ཕྲན་དཀའ་རྙོགས་སེལ་ཐབས་གནང་རྒྱུའི་སྐོར་བཀའ་མོལ་གནང་ཡོད་འདུག དེ་བཞིན་རིང་མིན་ཕྱི་ཟླ་༡༡་ཚེས་༧ཉིན་ཨ་རིའི་སྲིད་འཛིན་Trump མཆོག་ཉི་ཧོང་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འཆར་ཡང་ཡོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎