བརྙན་འཕྲིན་ཐོག་བོད་དོན་གླེང་བ།


2013.05.14
སྲིད་སྐྱོང་མཆོག་ནས་ཨ་མེ་རི་ཀའི་བརྙན་འཕྲིན་ལས་ཁང་དུ་བོད་དོན་གླེང
སི་སཔེན།

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉེ་ཆར་ཨ་རིའི་ནང་གཞུང་འབྲེལ་འཚམས་འདྲིར་ཕེབས་པའི་སྐབས།་ཨ་མི་རི་ཀའི་བརྙན་འཕྲིན་ལས་ཁང་C-Span གྱིས་བོད་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད་པ་རེད།
དེ་རིང་ཕྱི་ཚེས་༡༤ ཉིན་གནས་ཚུལ་ཐོན་པར་གཞིགས་ན། ཨ་རིའི་བརྙན་འཕྲིན་ལས་ཁང་C-Span གྱིས་སྲིད་སྐྱོང་མཆོག་ལ་བོད་ཀྱི་ད་ལྟའི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེ་སྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་དང།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྔར་བས་དམ་བསྒྲགས་ཆེ་རུ་བཏང་བ་སོགས་ཀྱི་ཛ་དྲག་གི་གནས་སྟངས། དེ་བཞིན་ཨ་རིའི་སྲིད་འཛིན་Obama ཡི་གཞུང་འཛིན་གྱིས་བོད་དང་རྒྱ་ནག་གི་ཐོག་ལ་འཛིན་པའི་སྲིད་ཇུས་སོགས་ཀྱི་སྐོར་བཅར་འདྲི་ཞུས་ཡོད་ཅིང།
སྐབས་དེར་སྲིད་སྐྱོང་མཆོིག་གིས་བཅར་འདྲི་ཁག་གི་བཀའ་ལན་བརྙན་འཕྲིན་ཐོག་གནང་བ་མ་ཟད།་ཁ་པར་དང།་དྲ་རྒྱའི་བརྒྱུད་ཀྱི་བཀའ་འདྲི་རྣམས་ལ་བཀའ་ལེན་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎