རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་རང་དབང་གི་ཚོང་འབྲེལ་གྲོས་མཐུན་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་ཡོད་འདུག
རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་རང་དབང་གི་ཚོང་འབྲེལ་གྲོས་མཐུན་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་ཡོད་ཀྱང་ཉི་ཧོང་གི་རྒྱ་ནག་ལ་འོས་ཆོས་ཚང་མིན་ངེས་བར་སུ་རྟག་དཔྱད་དགོས་བ་བརྗོད་འདུག
- 2021-09-17
-
-
-
རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་རང་དབང་ཚོང་འབྲེལ་གྲོས་མཐུན་ནང་ལ་ཞུགས་རྒྱུའི་སྙན་ཞུ་ཕུལ་བ་དེར། ཉི་ཧོང་གིས་རྒྱ་ནག་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཚོང་དོན་ཡར་རྒྱས་གྲོས་མཐུན་གྱི་ཚད་གཞིར་སླེབས་ཡོད་མེད་ཐག་གཅོད་མི་བྱེད་ཀ་མེད་ཡིན་པ་བཤད་ཡོད་པ་དང་། གནས་ཚུལ་ལྟར་ན། སྤྱི་ཚེས་༡༦་ཉིན་རྒྱ་ནག་གི་ཚོང་ལས་སྡེ་ཁག་གིས་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་གི་ཚོང་དོན་བློན་ཆེན་ཝང་ཝིན་ཐའོ་ཟེར་བས་ནེའུ་ཛི་ལན་ཊིའི་ཚོང་དོན་བློན་ཆེན་(Damien O’Connor)་གྱི་མཚན་ཐོག་རྒྱ་ནག་ཚོང་དོན་རང་དབང་གི་གྲོས་མཐུན་ལ་མཉམ་ཞུགས་བྱ་རྒྱུའི་སྙན་ཞུ་ཞིག་ཕུལ་ཡོད་པ་བརྗོད་འདུག
(CPTPP)་ཟེར་བའི་ཚོང་དོན་སྒྲིག་འཛུགས་དེ། ཨོསི་ཊརེ་ལི་ཡ་(Australia)་དང་། ཁེ་ཎ་ཌ། ཉི་ཧོང་། སུད་སི་སོགས་རྒྱལ་ཁབ་བཅུ་གཅིག་གིས་གྲུབ་པའི་ཚོང་དོན་སྒྲིག་འཛུགས་ཤིག་ཡིན་པ་དང་། སྔོན་མ་ཚོང་དོན་སྒྲིག་འཛུགས་དེར་ཞི་བདེ་རྒྱ་མཚོ་ལས་བརྒལ་བའི་ཚོང་འབྲེལ་གྲོས་མཐུན་ཞེས་གཙོ་བོ་དེ་ནི་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་ཁ་གཏད་གཅོག་ཐབས་སུ་དམིགས་པའི་ཚོང་དོན་སྒྲིག་འཛུགས་ཤིག་ཡིན་འདུག
ཉི་ཧོང་གིས་(CPTPP)་ཞེས་པའི་ཚོང་དོན་མཐུན་ཚོགས་དེའི་འགན་འཛིན་གྱི་འགན་བཞེས་ཡོད་སྟབས། ཉི་ཧོང་གི་ཕྱོགས་ནས་ད་རེས་རྒྱ་ནག་གི་སྙན་ཞུ་དེར་ཚོགས་མིའི་རྒྱལ་ཁབ་ཁག་དང་གྲོས་བསྡུར་བྱས་རྗེས་སུ་ལན་འདེབས་གནང་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་ཙམ་ལས་དུས་ཚོད་སོགས་ཁ གསལ་གནང་མི་འདུག
གནས་ཚུལ་དེའི་སྐོར་ལ་ཉི་ཧོང་གི་དཔལ་འབྱོར་བློན་ཆེན་(Yasutoshi Nishimura)་ཡིས་རེས་གཟའ་པ་སངས་ཉིན་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་སྐབས་སུ། ཉི་ཧོང་གིས་རྒྱ་ནག་དེ་རྒྱལ་ཁབ་བཅུ་གཅིག་གིས་གྲུབ་པའི་ཚོང་དོན་སྒྲིག་འཛུགས་དེར་ཞུགས་འོས་མིན་དང་ཞུགས་ཐུབ་པའི་ཚད་གཞིར་སླེབས་ཡོད་མེད་ངེས་པར་དུ་བལྟ་དགོས་པ་སྐོར་གསུངས་ཡོད་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།