བོད་མི་བཞི་ལ་ལོ་གཉིས་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
བོད་ནང་རྒྱ་ནག་གཞུང་གིས་དགེ་འདུན་པ་བཞི་ལ་ལོ་གཉིས་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
-
2009-04-26 -
-
-
༄༅༎བོད་ནང་རྒྱ་ནག་གཞུང་གིས་དགེ་འདུན་པ་བཞི་ལ་ལོ་གཉིས་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གིས་འབྲས་སྤུང་དགོན་པའི་དགེ་འདུན་པ་མཁས་གྲུབ་ལགས་ལུང་འདྲེན་བྱས་པ་ལྟར་ན་རྒྱ་ནག་གི་ཉེན་སྲུང་མི་སྣས་ཀླུ་གཙང་དགོན་པའི་དགེ་འདུན་པ་དྲུག་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་ནང་ནས་བཞི་ལ་ལོ་གཉིས་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ལུགས་འགྲེལ་བརྗོད་བྱས་འདུག དགེ་འདུན་པ་བཞི་པོ་ནི་རང་ལོ་ཉི་ཤུ་རྩ་གཅིག་ཡིན་པ་སྐལ་བཟང་རྒྱ་མཚོ་དང་རང་ལོ་ཉི་ཤུ་རྩ་བཞི་ཡི་པ་བཟོད་པ་རྒྱ་མཚོ།རང་ལོ་ཉི་ཤུ་རྩ་གཉིས་ཡིན་པ་ལུང་རྟོག་རྒྱ་མཚོ་དང་རང་ལོ་བཅུ་དགུ་ཡིན་པ་བཟོད་པ་རྒྱ་མཚོ་བཅས་ཡིན་འདུག འོན་ཀྱང་ཁོང་རྣམས་ལ་ཁྲིམས་ཐོག་ནས་ནག་ཉེས་ཇི་ཕོག་སྐོར་ཤེས་རྟོགས་མེད་ཀྱང་ཁོང་རྣམས་འདི་ལོ་ལོ་གསར་ཚེས་པ་གཅིག་ཉིན་ཀླུ་གཙང་དགོན་པའི་དགེ་འདུན་པ་བརྒྱ་དང་དགུ་ཡིས་ལྷ་མོ་ཡོངས་འཛིན་ཕོ་བྱང་ནས་མང་ར་ས་གནས་རྒྱ་གཞུང་གི་ལས་ཁུངས་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནས་མཁན་གྲས་ཡིན་པ་དང་སྐབས་དེར་ཁྲོམ་སྐོར་བ་ཚང་མ་འཛིན་བཟུང་ཡོད་ཀྱང་དྲུག་མ་གཏོགས་དེ་མིན་བརྒྱ་དང་གསུམ་གློད་བཀྲོལ་བྱས་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་ནས་སྔ་རྗེས་གནས་ཚུལ་སྤེལ་ཡོད་རེད། ཡང་ཉིན་ཤས་གོང་གོང་ཞུས་དགོན་པའི་དགེ་འདུན་པ་ཐབ་མཁས་རྒྱ་མཚོ་དང་དཀོན་མཚོ་རྒྱ་མཚོ་གཉིས་ས་གནས་ཉེན་སྲུང་བས་འཛིན་བཟུང་བྱས་ཡོད་ལུགས་འགྲེལ་བརྗོད་གནང་འདུག།