རྒྱ་ནག་གཞུང་གི་ལས་བྱེད་ནས་གཞུང་དངུལ་རྐུ་འཁྱེར།

རྒྱ་གཞུང་གི་ལས་བྱེད་པ་ཚོས་འདས་པའི་ལོ་ངོ་༣༠ནང་གཞུང་གི་དངུལ་ཨ་རིའི་གྲོ་ལར་འཐེར་འབུམ་༥༠ཙམ་མ་གནས་རྐུ་འཁྱེར་བྱས་འདུག

2010.01.11

༄༅༎རྒྱ་གཞུང་གི་ལས་བྱེད་པ་ཚོས་འདས་པའི་ལོ་ངོ་༣༠ནང་གཞུང་གི་དངུལ་ཨ་རིའི་གྲོ་ལར་འཐེར་འབུམ་༥༠ཙམ་མ་གནས་རྐུ་འཁྱེར་བྱས་ནས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་རྒྱ་གཞུང་གི་ཁྲིམས་གཞི་ཞིབ་བཤེར་ཚན་པས་བརྗོད་ཡོད་པ་རེད་

རྒྱ་གཞུང་གི་ཁྲིམས་གཞི་ཞིབ་བཤེར་ཚན་པའི་དྲ་རྒྱའི་ནང་གནས་ཚུལ་བཏོན་པར་གཞིགས་ན་གོང་ཞུས་རྒྱ་གཞུང་གི་ལས་བྱེད་པ་དེ་ཚོས་ཕྱི་རྒྱལ་གྱི་ཁྲིམས་འགལ་ནག་ཅན་རུ་ཁག་དང་ལག་འབྲེལ་བྱས་ནས་ཁྲིམས་འགལ་ཐོག་ བཟོས་པའི་དངུལ་ཁྲིམས་མཐུན་བཟོས་པ་དང་ཁང་པ་་ཉོ་སྒྲུབ་དང་ངོ་སྤྲོད་ལག་འཁྱེར་རྫུན་བཟོ་བྱས་ཡོད་སྐོར་གནས་ཚུལ་བཏོན་ཡོད་པ་རེད་ གོང་ཞུས་རྒྱ་གཞུང་གི་ཁྲིམས་ཁང་གི་ཚན་པ་དེས་གཞུང་གི་དངུལ་རྐུ་འཁྱེར་བྱེད་མཁན་གྱི་ལས་བྱེད་པ་དེ་དག་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ནང་བྲོས་བྱོལ་ཕྱིན་པའི་ཁུངས་ཨ་རི་དང་ཨོ་སི་ཀྲོ་ལི་ཡ་ཡུལ་གཉིས་ཚུད་ཀྱི་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་

གནས་ཚུལ་འདི་རིགས་མི་འབྱུང་ཆེད་རྒྱ་གཞུང་གི་ཚན་པ་ཁག་མཉམ་རུབ་ཐོག་ལས་དོན་རུ་ཁག་ཅིག་ཆེད་འཛུགས་བྱས་ཡོད་ཅིང་       ལས་དོན་རུ་ཁག་དེའི་ནང་སྤྱི་བདེ་མི་སྣ་དང་ཁྲིམས་དོན་ལས་ཁང་དང་ཕྱི་སྲིད་ལྷན་ཁང་མཉམ་རུབ་ཀྱི་རུ་ཁག་དེས་ཁྲིམས་འགལ་དེ་རིགས་མི་འབྱུང་བ་གནང་རྒྱུ་ཡིན་པ་རེད་

རྒྱ་གཞུང་གི་ཁྲིམས་གཞི་ཞིབ་བཤེར་ཚན་པས་གཞུང་གི་ལས་བྱེད་པ་༤༠༠༠གིས་ད་བར་དངུལ་ཨ་རིའི་གྲོ་ལར་འཐེར་འབུམ་༥༠ཙམ་ཞིག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནང་རྐུ་འཁྱེར་བྱས་པའི་གནས་ཚུལ་བཏོན་ཡང་གོང་ཞུས་ཀྱི་གྲངས་འབོར་དེ་ཇི་འདྲ་ཆགས་ཀྱི་ཡོད་པའི་ཞིབ་ཆའི་གསལ་བཤད་གང་ཡང་གནང་མེད་པ་རེད་ དེ་བཞིན་གཞུང་གི་དངུལ་རྐུ་འཁྱེར་བྱེད་མཁན་གྱི་ལས་བྱེད་པ་དེ་དག་འཛིན་བཟུང་དང་ཡུལ་གྱི་ཁྲིམས་ཐོག་ཇི་ལྟར་ལག་ལྟར་བྱེད་རྒྱུའི་འཆར་གཞི་ཡང་ཁ་གསལ་གང་ཡང་མེད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎