༧གོང་ས་མཆོག་དང་བགྲོ་གླེང་གིས་མན་ཌེ་ལ་དམ་པར་དྲན་གསོ།


2013.12.13
༧གོང་ས་མཆོག་དང་དམིགས་བསལ་གླེང་མོལ་བྱེད་བཞིན་པའི་སྐབས། ༧གོང་ས་མཆོག་དང་དམིགས་བསལ་གླེང་མོལ་
པར། དྲ་ངོས་པར་འདེབས།

ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་Nelson Mandela དམ་པར་ཆེ་བསྟོད་དང་རྗེས་དྲན་ཆེད་༧གོང་ས་མཆོག་དང་དམིགས་བསལ་གླེང་མོལ་གནང་འདུག

དེ་ཡང་དམ་པ་ཁོང་ལ་ཆེ་བསྟོད་དང་། རྗེས་དྲན་ཆེད་PeaceJam ཞི་བདེ་བསྟི་གནས་ཁང་དང་། Nelson Mandela དྲན་རྟེན་བསྟི་གནས་ཁང་གིས་གོ་སྒྲིག་གནང་སྟེ་ CNN བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་Anderson Cooper ལགས་ཀྱིས་གཙོ་སྐྱོང་གནང་བའི་ཐད་ཀར་རྒྱང་བསྲིངས་ཀྱི་ལས་རིམ་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ལྷོ་ཨ་ཧྥེ་རི་ཀའི་ཡེ་ཤུའི་ཆོས་དཔོན་Desmond Tutu མཆོག Ireland ཡུལ་གྱི་སྲིད་འཛིན་ཟུར་པ་Mary Robinson དེ་བཞིན་ཚོང་བདག་གྲགས་ཅན་Sir, Richard Branson མཆོག་བཅས་དང་ལྷན་དུ་གླེང་མོལ་གནང་ཡོད། Nelson Mandela དམ་པ་དེས་བྱ་སྤྱོད་ངན་པ་སྤེལ་མཁན་ཚོར་གུ་ཡང་གནང་དགོས་པ་རྟག་ཏུ་གསུང་ཡོད་པས་དེ་མི་སུས་ཀྱང་ཉམས་ལེན་ཐུབ་མིན་CNN བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་Anderson Cooper གྱིས་དགོངས་སྐོར་ཞུས་པར་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་གཞི་རྩའི་རང་བཞིན་བཟང་པོ་ཡིན་པ་དང་། གཞན་གྱིས་བྱམས་བརྩེའི་འོག་ཚར་ལོངས་བྱུང་བ་ཤ་སྟག་ཡིན་སྟབས་ བྱམས་པ་དང་། བརྩེ་སེམས་སོགས་བརྒྱུད་ལ་སྐྱེས་ཐུབ་པ་དང་། ཉམས་ལེན་བྱེད་ཐུབ་པ་ཞིག་ཡིན་པ་བཀའ་གནང་ཞིང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ ཆོས་ལུགས་ཚང་མའི་ནང་བྱམས་པ་དང་། བརྩེ་བ།  སྙིང་རྗེ་སོགས་གོང་འཕེལ་གཏོང་རྒྱུའི་བསླབ་བྱ་གཅིག་མཚུངས་ཡོད་པ་ལྟར་སྐུ་ཞབས་ Nelson Mandelaདམ་པ་དེ་ཉིད་ནི་ཡེ་ཤུའི་ཆོས་ལུགས་ཉམས་ལེན་གནང་མཁན་ཞིག་ཡིན་ཞིང་། ཁོང་གིས་བསླབ་བྱ་དེ་དག་ཆབ་སྲིད་ཞི་འཇགས་ཀྱི་གནད་དོན་ཞིག་གི་ནང་ལག་བསྟར་གནང་སྟེ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་རེད།

ད་དུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧གོང་ས་མཆོག་སྐུ་སྒེར་གྱི་ཐོག་ནས་ Nelson Mandelaམཆོག་ལ་ཧ་ཅང་གི་མོས་གུས་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད་Peacejam དང་། Nelson Mandelaདྲན་རྟེན་བསྟི་གནས་ཁང་ཐུན་མོང་གོ་བསྒྲིགས་ཞུས་པའི་ཐད་ཀར་དྲ་རྒྱའི་ལས་རིམ་དེའི་ཐོག་ལྷོ་ཨ་ཧྥེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ Desmond Tutuཡང་ཆེད་ཕེབས་གནང་ཡོད་པས། ཁོང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ Nelson Mandela་བསླབ་བྱ་དར་སྤེལ་གནང་དགོས་པའི་ཐུགས་རེ་འདོན་གནང་མཛད་ཡོད་པ་རེད།

དེ་ཙ་ན་སྐབས་དེའི་ལེ་ཚན་དམིགས་བསལ་གྱིས་ཆུ་ཚོད་ཕྱེད་ཀ་ཙམ་ཡོད་པ་googleདྲ་བའི་མདུན་ངོས་སུ་ཡང་བཀོད་འདྲེན་བྱས་ཡོད་པ་རེད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎