བསྟན་པ་གོང་སྤེལ་ལྷན་ཚོགས།


2013.05.14
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཀྱི་དབུ་འཛུགས་ཀྱི་མཛད་སྒོ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅།    ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཀྱི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག        སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་མཁན་པོ་དགེ་བཤེས་སོགས་ཁྱོན་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་གནང་ཡོད་པ་རེད།    
ལྷན་ཚོགས་དབུ་འཛུགས་ཀྱི་ཐོག་མ་བོད་བསྟན་སྲིད་ཆེད་རང་སྲོག་གློད་གཏོང་གནང་མཁན་གྱི་རྒྱལ་གཅེས་ཕོ་མོ་རྣམས་ལ་མྱ་ངན་རྗེས་དྲན་ཞུས་ཡོད་པ་རེད།     དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སྐབས།    རིགས་གཅིག་རྐང་འཛིན་ཞེས་པ་དེ་བོད་ཀྱི་སྲོལ་རྒྱུན་ནང་བྱུང་ཟིན་པ་ཞིག་དང་གཞུང་ཆེན་ཡོངས་སུ་རྗོགས་པ་སློབ་གཉེར་ཟིན་རྗེས།    གཞུང་ལུགས་གཅིག་ཐོག་རིགས་གཅིག་རྐང་འཛིན་གནང་རྗེས་ཉམས་ཞིབ་རྩོམ་ཡིག་བཏོན་ཐུབ་ན་ཕན་ཐོགས་ཆེ་ལ་དགེ་མཚན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།
དེ་རིང་ནས་བཟུང་ཉིན་གྲངས་བཞིའི་རིང་སྐོང་ཚོགསག་གནང་རྒྱུའི་ལྷན་ཚོགས་དེའི་ཐོག་གྲོས་གཞི་གཙོ་བོ་བཤད་སྒྲུབ་བསྟན་པ་མི་ཉམས་གོང་སྤེལ་དང་། གཞུང་ཆེན་རེ་རེའི་ཐོག་རིགས་གཅིག་རྐང་འཛིན་ཐོན་ཐབས། རིས་མེད་རྩོད་གྲྭ་དང་སྨོན་ལམ་ཆེན་མོ་ཚུགས་ཕྱོགས། མི་མང་དང་ན་གཞོན་སློབ་ཕྲུག་ལ་ཚད་མ་དང་ནང་ཆོས་སློབ་ཁྲིད། སྤྱི་ཚོགས་ནང་འདུལ་འཛིན་སྤྱི་ལ་མཚན་སྨད་ཡོང་གཞིར་གདོང་ལེན་གནང་ཕྱོགས་བཅས་གཙོ་བོར་དོན་གནད་ཁག་ཐོག་བཀའ་བསྡུར་གནང་རྒྱུ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎