ནུབ་བེང་གལ་འགོ་ཁྲིད་འགའ་གནས་དབྱུང་བཏང་བ།

རྒྱ་གར་གྱི་དམར་ཤོག་ཚོགས་པས་ནུབ་བེང་གོལ་མངའ་སྡེའི་ཚོགས་པའི་རྒྱུན་གཙོ་བོ་རྣམས་གནས་དབྱུངས་བྱས་འདུག

༄༅༎རྒྱ་གར་གྱི་དམར་ཤོག་ཚོགས་པས་ ནུབ་བེང་གོལ་(West Bengal)མངའ་སྡེའི་ཚོགས་པའི་རྒྱུན་གཙོ་བོ་རྣམས་གནས་དབྱུངས་བྱས་ཡོད་འདུག
མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་ཉིན་བཞིའི་རིང་རྒྱ་གར་གྱི་མརྶེཊི་(Marxist) དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་ཚོགས་པའི་དབུ་ཁྲིད་གཙོས་བར་ལམ་གསར་དུ་བསྐོ་གཞག་བྱས་པའི་མངའ་སྡེའི་རྒྱུན་མཐོ་གྲས་ཚོས་ལྐོག་ཟ་རུལ་སྲུངས་དང་ཉེ་དགའ་ཕྱོགས་ལྷུང་། ཁྲིམས་འགལ་གྱི་བྱ་སྤྱོད་ནང་ལྷུང་པ་ཟ་ཚད་ཚོགས་པའི་མཚན་མཐོང་ལ་གནོད་གཞིའི་འཆལ་གཏམ་གང་བྱུང་བཤད་པ་སོགས་ལ་བརྟེན་ནས་ ཚོགས་པའི་དྲུང་ཆེན་ཆེན་མོ་ པ་ར་ཀ་ཤེ་ཀ་རཏ་དང་གྲོས་བསྡུར་གྱིས་ས་གནས་ཀྱི་དཔོན་རིགས་མང་དག་ཞིག་གནས་དབྱུངས་བཏང་ཡོད་འདུག། གནས་དབྱུངས་བཏང་བའི་གྲས་སུ་མངའ་སྡེའི་བློན་ཆེན་ཟུར་པ་སུ་ཤནྟོ་གོཤེ་དང་དབུས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ལཀྴེ་མན་སེཐ་ ཨ་ཎིལ་རྦ་ཤི་ ཨ་མི་ཏ་བྭ་ནེན་ཌི་བཅས་དང་ཚོགས་པའི་དབུས་རྒྱུན་རྦི་ནོའེ་ཀོ་ནར་བཅས་ཡོད་འདུག། མངའ་སྡེའི་དམར་ཤོག་ཚོགས་པའི་ཚོགས་ཆུང་གི་ཚོགས་མི་བདུན་བཅུ་དོན་ལྔ་གསར་དུ་བསྐོ་གནང་བའི་གྲས་སུ་ དྲུང་ཆེ་ བྭི་མན་བྭོ་སེ་བསྐྱར་དུ་བསྐོ་གནང་ཡོད་འདུག།