རྒྱ་ནག་དབུས་ཤར་ཁུལ་གྱི་གནམ་གཤིས་གྲང་ངར་ཆེ་སྐོར།
2011.12.08
༄༅༎རྒྱ་ནག་གི་དབུས་དང་ཤར་ཕྱོགས་ས་ཁུལ་དུ་གནམ་གཤིས་ཧ་ཅང་གྲང་མོ་ཆགས་ཡོད་པ་དང་ད་དུང་ཉིན་གཉིས་ཙམ་རིང་མུ་མཐུད་གནམ་གཤིས་གྲང་མོ་ཆགས་རྒྱུ་ཡིན་ལུགས་གནམ་གཤིས་བརྟག་ཞིབ་ལས་ཁང་གིས་གསུང་བཞག། རྒྱ་ནག་བྱང་ཤར་དང་ལྷོ་ཕྱོགས་ས་ཁུལ་ དེ་བཞིན་རྨ་ཆུ་དང་ འབྲི་ཆུ་རྒྱུགས་ཡུལ་སོགས་སུ་གྲང་ངར་ཀྱི་ཤུགས་རྐྱེན་ཆེ་ཤོས་བྱུང་ཡོད་པ་དང་ ས་ཁུལ་དེ་ཚོར་གྲང་ཚད་སེལ་ཤིཡེསི་(Celsius)ཞེས་པ་༡༢བར་མར་ཆགས་ཡོད་ལུགས་ གནམ་གཤིས་བརྟག་ཞིབ་ལས་ཁང་དེས་གསུང་བཞག།
དེ་བཞིན་ཚོུད་༢༤ནང་ཚུད་བོད་དང་ སོག་པོ་ ཀན་སུ་ཞིང་ཆེན་སོགས་ཀྱི་ས་ཁུལ་ཁག་ཅིག་ནང་ གངས་དང་གངས་ཆར་རྒྱབ་རྒྱུ་ཡིན་ལུགས་གསུང་བཞག། ཡང་རྨ་ཆུ་གཙང་ཆུ་རྒྱུགས་ཡུལ་གྱི་ལྷོ་དང་ཤར་ཕྱོགས་སུ་ཆར་པ་གཏོང་རྒྱུ་དང་ དེ་བཞིན་རྒྱ་ནག་ལྷོ་ནུབ་དང་ ཐེ་ཝན་ནང་དུའང་ཆར་པ་གཏོང་རྒྱུ་དང་ རྒྱ་ནག་དབུས་དང་ཀན་སུ་ཞིང་ཆེན་ནང་གྲང་ངར་ཆེ་བའི་ཆར་པ་བཏང་སྟེ་འཁྱགས་པ་ཆགས་རྒྱུ་ཡིན་སྐོར་གསུང་བཞག།