ཆོས་དབྱངས་སྐྱིད་ལགས་སུ་ཨང་ལྔ་པ་ཐོབ་འདུག


2016.08.20
ཆོས་དབྱངས་སྐྱིད་ལགས་སུ་ཨང་ལྔ་པ་ཐོབ་འདུག སྤྱི་ལེ་༢༠ཅན་གྱི་སྐྱེས་མའི་འདུར་རྒྱུག་འགྲན་བསྡུར།
འདྲ་བཤུས།

༄༅།    །བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་བྷར་རྫིལ་ཨོ་ལོམ་པིག་རྩེད་འགྲན་ཚོགས་སྟེང་ཐོག་སྤྱི་ལེ་༢༠ཅན་གྱི་སྐྱེས་མའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་ལྔ་པ་ཐོབ་ཡོད་འདུག
ཕྱི་ཚེས་༡༩ཉིན་ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ཏུ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་ལོ་པིག་གི་རྩེད་འགྲན་ནང་སྤྱི་ལེ་༢༠ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་རྒྱ་ནག་གི་རྩེད་འགྲན་རུ་ཁག་གི་མིང་ཐོག་ནས་མཉམ་ཞུགས་གནང་ཡོད་པའི་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་ཨང་ལྔ་པ་ཆགས་ཡོད་པ་རེད།    ཐེངས་འདིར་ཁྱོན་འགྲན་ཞུགས་གནང་མཁན་ ༦༣ ཡོད་པའི་ནང་ནས་ཨང་དང་པོ་རྒྱ་ནག་གི་ལེའུ་ཧོང་(Liu Hong)ཞུ་བར་ཐོབ་ཡོད་པ་དང་། ཨང་གཉིས་པ་མེག་སི་ཁོའོ་བུ་མོ་ (Maria Guadalupe Gonzalez)ལ་ཐོབ་ཡོད་ཅིང་། ཨང་གསུམ་པ་རྒྱ་ནག་གི་བུ་མོ་(Lu Xiuzhi)དང་། ཨང་བཞི་པ་ཨི་ཊ་ལིའི་བུ་མོ་(Antonella Palmisano)ལ་ཐོབ་ནས་ཨང་ལྔ་པ་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་ཆགས་ཡོད་པ་རེད།     ཆོས་དབྱིངས་སྐྱིད་ལགས་ཀྱིས་ཁོང་ཉིད་ལ་རྟགས་མ་ཐོབ་པར་རྒྱལ་ཁབ་ཕྱི་ནང་གི་རྒྱབ་སྐྱོར་གནང་མཁན་སྤུན་ཟླ་རྣམས་ལ་དགོངས་པ་མ་ཚོམས་རོགས་ཞེས་ངོ་གདོང་དྲ་རྒྱའི་ཐོག་འཁོད་འདུག་ཅིང་།  དེའི་ནང་ཁོང་གིས་ད་རེས་ཀྱི་ཨོ་ལོམ་པིག་རྩེད་འགྲན་དེའི་ཆེད་ལོ་ངོ་གསུམ་ལྷག་ཙམ་རིང་དཀའ་སྡུག་དང་རྔུལ་ཆུ་འཛག་པའི་སྦྱོང་རྡར་བྱས་ཡོད་ཀྱང་།  ད་རེས་ཀྱི་འགྲན་བསྡུར་ནང་བཞུགས་མཁན་ཚོ་གཅིག་ལས་གཅིག་མགྱོགས་པར་བརྟེན་ནས་ཁོང་རེ་བ་མངོན་གྱུར་བྱེད་མ་ཐུབ་པར་གྱུར་བ་དང་།    རྒྱབ་སྐྱོར་གནང་མཁན་གྱི་སྤུན་ཟླ་ལྷན་རྒྱས་ཀྱི་རེ་བ་ཡང་འགྲུབ་མ་ཐུབ་པར་དགོངས་དག་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎